དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2025ལོའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”བྱེད་སྒོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-10

    ཚེས་7ཉིན་གྱི་སྔ་དྲོར། 2025ལོའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”བྱེད་སྒོ་གཉེར་བ་དང་། ས་གནས་ས་ཐོག་ཏུ་མཉམ་ལས་རྣམ་གྲངས་12ལ་མིང་རྟགས་བཀོད་པར་དངུལ་འབོར་སྒོར་དུང་ཕྱུར་9.5ཟིན་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས“གོ་སྐབས་དམ་འཛིན། འབྱུང་འགྱུར་གཉིས་ཁེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཚེས་5དང་6ཉིན། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཞིང་འབྲོག་ལས་ཐོན་ལས་ཀྱི་འཆར་འགོད་བཀོད་པར་གཞིགས་ནས། ལྗོངས་ཕྱི་ནང་གི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་30ལྷག་ཙམ་གདན་དྲངས་ཏེ་ཚོགས་ཆུང་ཁག་བགོས་ཀྱིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་སོགས་གྲོང་ཁྱེར་དུ་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ཡོད། ཚེས་7ཉིན་ལྷ་སར་གན་འཇོག་མཛད་སྒོ་འཚོགས་པ་དང་གན་འཇོག་གྲོས་མཐུན་ནང་དཔེ་སྟོན་ཐོན་ལས་གླིང་འཛུགས་སྐྲུན་དང་། ལས་སྣོན་ཞིབ་ཚགས། ཐོན་ཚོང་འབྲེལ་མཐུད། ལག་རྩལ་ཞིབ་སྤེལ་སོགས་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་མང་པོ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།