རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས·གྲོས་མོལ་གླེང་སྟེགས”ཐེངས་གསུམ་པ་གཉེར་བ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས·གྲོས་མོལ་གླེང་སྟེགས”ཐེངས་གསུམ་པ་གཉེར་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན། “རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས”ལ་དམིགས་ནས་གྲོས་མོལ་སྲིད་གླེང་བཅས་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
མོང་ཞའོ་ལིན་གྱིས་ནན་བཤད་གནང་དོན། སྲོག་ཤིང་གི་དོན་སྙིང་ལ་གོ་བ་བླངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཧེ་བག་དང་མི་འདང་སར་ལྟ་སྟངས་ཡང་དག་འཛིན་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བཅས་བྱས་ཏེ་འཕེལ་རྒྱས་ཁྲོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་ཏེ་དམངས་གཙོའི་ལྟ་སྐུལ་ལ་ཕན་འབྲས་ཆེན་པོ་ཐོན་པར་བྱས་ནས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།