དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་སྐུལ་འདེད་ཚོགས་འདུ་དང་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཚེས་5ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་སྐུལ་འདེད་ཚོགས་འདུ་དང་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་སྐུལ་འདེད་ཚོགས་འདུ་དང་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་དང་། དུས་མཚམས་གོང་མའི་ཡོངས་བཤེར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ཕྱོགས་སྡོམ་བྱས་པ། མིག་སྔའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། ལས་ཀའི་རྩ་དོན་ཁོང་དུ་ཆུད་པ་དང་། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ། ལས་ཀའི་སྤུས་ཚད་འགན་ལེན། གཏན་འཁེལ་ཡོངས་བསྒྲགས་ནན་པོ། གྲུབ་འབྲས་གཞན་སྒྱུར་ཡག་པོ་བཅས་བྱས་ནས། རིག་དངོས་ཡོངས་བཤེར་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ“ཡོངས་བཤེར་བྱེད་དགོས་རིགས་ཚང་མ་ཡོངས་བཤེར་དང་། ཐོ་འགོད་བྱེད་དགོས་རིགས་ཚང་མ་ཐོ་འགོད། སྲུང་སྐྱོང་བྱེད་དགོས་རིགས་ཚང་མ་སྲུང་སྐྱོང”བྱེད་པའི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ནས། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཡོངས་བཤེར་ལས་དོན་ཁྲིམས་དང་མཐུན་ཞིང་སྒྲིག་སྲོལ་ལྟར་ནུས་ལྡན་སྤེལ་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མ་ལག་རང་བཞིན་གྱི་སྲུང་སྐྱོང་དང་གཅིག་གྱུར་ལྟ་འདོམས་ལྟ་ཞིབ་ཀྱི་ལས་ཀའི་ལམ་སྲོལ་ཆགས་པ་བྱས་ནས། དུས་མཚམས་རྗེས་མའི་ཡོངས་བཤེར་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོན་པའི་འགན་ལེན་བྱེད་དགོས། རིག་དངོས་ཡོངས་བཤེར་ལས་དོན་གྱི་དྲིལ་བསྒྲགས་འཕྲིན་སྤེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་དང་དམངས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོབ་ལ་དོ་ཁུར་བྱེད་པ་དང་དེའི་ནང་ཞུགས་སུ་བཅུག་སྟེ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།