དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཟླ་11ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཕེབས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། གྲོང་གསེབ་དར་རྒྱས་དང་། དམངས་འཚོ་འགན་ལེན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཤང་ཕུ་མ་བྱང་ཐང་དང་ས་བབ་མཐོ་ཤོས་ཀྱི་གྲོང་ཚོ་མཐུད་བ་གྲོང་ཚོར་ཡན་ཅིན་ཧའེ་ཡིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་པ་མ་ཟད། ཤང་དང་གྲོང་ཚོ་རིམ་གཉིས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་གྲུབ་འབྲས་དར་སྤེལ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་ཡུལ་མི་བསོད་ནམས་རྡོ་རྗེ་དང་ཀུན་བཟང་དབང་མོའི་ཁྱིམ་དུ་ཕེབས་ཤིང་། དེང་རབས་ཅན་གྱི་གཅིག་སྡུད་དྲོད་རླངས་དང་གསོ་རླུང་མཁོ་འདོན་སྒྲིག་ཆས་གཟིགས་སྐབས་ཐུགས་ཧ་ཅང་མཉེས་པོ་བྱུང་སྟེ། སྒྲིག་ཆས་བེད་སྤྱོད་དང་། སྲུང་སྐྱོབ། འགྲོ་གྲོན་ཐད་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། མང་ཚོགས་ཀྱིས་དྲོད་རླངས་དང་གསོ་རླུང་སྒྲིག་ཆས་ལ་ཡོངས་ཁྱབ་ངང་གདེང་འཇོག་ཡག་པོ་བྱེད་བཞིན་པ་མཁྱེན་རྟོགས་བྱུང་རྗེས། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག ང་ཚོས་གཞི་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་དྲོད་རླངས་དང་གསོ་རླུང་གཅིག་སྡུད་ལས་གྲྭ་ལག་ལེན་བསྟར་ཐུབ་པ་རེད་ཅེས་གསུངས།

    སྣ་དཀར་རྩེ་རྫོང་ནི་ལྗོངས་ཡོངས་ཀྱི་འབྲོག་ལས་རྫོང་སྟོབས་ཆེན་ཞིག་ཡིན་པའི་ངོས་ནས་འབྲོག་ལས་ཀྱི་བཟུང་ཚད་ཧ་ཅང་ཆེན་པོ་ཡོད་པས། དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ས་གནས་དེ་གའི་རྒྱུད་བཟང་ཕྱུགས་རིགས“གསོ་མཁས་ལུག”གསོ་སྤེལ་ཐུབ་ཡོད། གསོ་མཁས་ལུག་རྒྱུད་སྤེལ་གསོ་ཚགས་ར་བར། ཡན་ཅིན་ཧའེ་ཡིས། ལུག་གི་རྒྱུད་པ་འདེམས་གསོ་དང་། གསོ་ཚགས་ཀྱི་གཞི་ཁྱོན། གཉེར་སྐྱོང་རྣམ་པ། དེ་བཞིན་མཐའ་འཁོར་འབྲོག་པའི་འབབ་འཕར་སྐུལ་ཁྲིད་ཐད་ཕན་འབྲས་གང་འདྲ་ཐོན་མིན་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྒྱུད་སྤེལ་གསོ་ཚགས་ར་བས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་མཐོ་གྲང་གི་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ལས་བརྒལ་ཏེ། བཤས་གཏོང་དུས་འཁོར་ལོ་5ནས་ཟླ་བ་10དང་11བར་ཐུང་དུ་གཏོང་བའི་བྱེད་སྟངས་ལ་བསྔགས་བརྗོད་གནང་བ་རེད། ཁོང་གིས། ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ནས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་སྤུས་རྟགས་འབུར་དུ་ཐོན་པར་བྱེད་པ། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་ཀྱིས་འབྲོག་པ་དེ་བས་མང་བར་ཕན་པ་ཐོབ་པ་དང་། ས་བབ་མཐོ་བའི་དེང་རབས་འབྲོག་ལས་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་ཀ་རྟེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།