བོད་རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོ”ཡི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་དྲུག་པའི་རྡོག་ཐོན་མཛད་སྒོ་འཚོགས་པ།
ཟླ་11ཚེས་2ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོ”ཡི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་དྲུག་པའི་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྟ་སྐོར་ཚོགས་པ་རང་ལྗོངས་ཀྱི་གྲོང་ཚོ་གྲོང་ལྷན“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་འཐུས་མི་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་འཐུས་མི། ཆེད་དོན་གཞུང་ལས་ཁང་གི་ལས་དོན་མི་སྣ་བཅས་ལས་གྲུབ་པ་དང་པེ་ཅིང་དང་ནང་སོག་ཏུ་ལྟ་སྐོར་དང་སློབ་སྦྱོང་ལ་བསྐྱོད་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིཊ་ན། ད་ཐེངས་ཀྱི་ལྟ་སྐོར་ཚོགས་པའི་འགྲུལ་བཞུད་འཆར་འགོད་ཐད་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ས་ཚིགས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་དམ་པོར་དམིགས་ནས་ཁེ་ལས་དང་། བཟོ་གྲྭ གྲོང་གསེབ་བཅས་སུ་བསྐྱོད་དེ་ལྟ་སྐོར་ཚོགས་པའི་ཚོགས་མིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་གཏམ་རྒྱུད་ཤེས་རྟོགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་མོ་དང་མི་རིགས་ཁག་གི་རིག་གནས་ཀྱི་ཁྱད་ཆོས་ཉམས་སུ་མྱོང་བ། སྤུན་ཟླའི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། རིག་གནས་རྒྱུན་འཛིན། ཐོན་ལས་འཕེལ་རྒྱས། དམངས་འཚོ་འཛུགས་སྐྱོང་། ཁོར་ཡུག་སྲུང་སྐྱོང་བཅས་ཐད་ཀྱི་ཕུལ་བྱུང་ཉམས་མྱོང་སློབ་སྦྱོང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།