དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    ཟླ་11ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ལ་བརྟག་ཞིབ་གནང་བ་མ་ཟད། གྲོང་མི་མང་ཚོགས་ལ་འཚམས་འདྲིའང་གནང་བ་རེད།

    ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་བཀྲ་ཤིས་སྡེ་ཁུལ་དུ། ཡན་ཅིན་ཧའེ“བཀྲ་ཤིས་པའི་ཨ་མ་ལགས”དང་བླངས་ཞབས་ཞུའི་ས་ཚིགས་དང་ཁྱིམ་མཚེས་མཉམ་སྤྱོད་ལྟེ་གནས་སོགས་སུ་ཕེབས་ནས་སྡེ་ཁུལ་གྱི་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་ལ་ས་གནས་ས་ཐོག་ཏུ་གཟིགས་པ་མ་ཟད། ལས་དོན་པ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་དང་དེ་བཞིན་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྡེ་ཁུལ་གྱི་ལས་ཀ་ནི་དོན་དམ་པར་མང་ཚོགས་ཀྱི་ལས་ཀ་ཡིན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཞག་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བློ་རྩེ་གཅིག་སྒྲིམ་གྱིས་ཐག་གཅོད་ཡག་པོ་བྱས་ནས། ཏང་གི་དྲོ་སྐྱིད་གྲོང་མི་ཚང་མའི་སེམས་སུ་ཚོར་བར་བྱས་ཐོག་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་དང་། གཞི་རིམ་དམ་འཛིན་ཆེན་པོ་བྱེད་པའི་ཁ་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ནས། སྡེ་ཁུལ་གྱི་ཏང་རྩ་འཛུགས་དེ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱེད་པ། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམག་འཐབ་བཙན་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་གྲོང་མི་བསྟན་འཛིན་བཀྲ་ཟླ་དང་འཇམ་དབྱངས་དགའ་ལྡན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་མཉམ་དུ་བཞུགས་ཏེ་གཟུགས་གཞིའི་གནས་ཚུལ་དང་། ཁྱིམ་ཚང་གི་འཚོ་བ། སྨན་བཅོས་འགན་སྲུང་སོགས་ལ་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོར་ཏང་གི་དམངས་ཕན་སྲིད་ཇུས་དང་ལྷག་པར་དུ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ངང་རྒྱུད་རིང་པོས་ངོ་སྤྲོད་གནང་བ་རེད། “ང་ཚོའི་ཚེ་མཇུག་གི་འཚོ་བར་འགན་སྲུང་བྱུང་ཞིང་སྡེ་ཁུལ་གྱིས་ཀྱང་ང་ཚོར་ལྟ་རྟོག་ཆེན་པོ་བྱེད་ཀྱི་འདུག་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲོང་མི་འཇམ་དབྱངས་དགའ་ལྡན་གྱི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་སྙིང་ཐག་པ་ནས་ཏང་དང་སྲིད་གཞུང་གྱི་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད། ཡན་ཅིན་ཧའེ་ཡིས་ཁོང་ཚོར་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་འབད་འཐབ་ཁྲོད་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་གཅིག་གྱུར་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བཅོས་སྐྱོང་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། བརྟན་ལྷིང་གི་རྣམ་པ་བརྟན་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་སོགས་ལ་འབད་བརྩོན་ཤུགས་ཆེན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་འདོགས་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།