ཀརྨ་ཚེ་བརྟན་གྱིས་ཉིང་ཁྲིར་བརྟག་ཞིབ་གནང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཉིང་ཁྲིར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ནས་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་སྔ་རྗེས་སུ་གསེར་སྐྱེམས་ལའི་ལ་ཁ་དང་ཀླུ་ནང་ནགས་ཚལ་གྱི་ལྗོངས་གཟིགས་སྒང་དུ་ཕེབས་ནས་ལས་དོན་པ་དང་གླེང་མོལ་གཏིང་ཟབ་གནང་སྟེ། གྲོང་གསེབ་ཡུལ་སྐོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་དང་འཐབ་ས་དང་པོའི་ལས་མིར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཏེ“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ”གནས་བབ་གལ་ཆེན་དུ་བཞག་ཡོད་པས་ཏང་ཀྲུང་དབྱང་གིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་སླར་ཡང་མངོན་ཡོད། ང་ཚོས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་ཕན་འབྲས་ཀྱི་རྩིས་དང་མ་དངུལ་དང་ཐོན་འབབ་ཀྱི་རྩིས་ཡག་པོ་བརྒྱབ་སྟེ། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོའི་ལེགས་ཆར་གཞི་ཚུགས་ནས་ཞིང་འབྲོག་ལས་ཀྱི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཏེ། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། འཁོར་འབྲེལ་སྣུར་སྲིང་དང་། ཁ་གསབ། སྟོབས་ཆེར་གཏོང་བ་བཅས་ཐད་ཤུགས་སྣོན་ བརྒྱབ་ནས་ཡུལ་སྐོར་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་དང་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ། ལྟ་སྐོར་ཡུལ་སྐོར་དེ་རིག་གནས་ཡུལ་སྐོར་དང་། མཛེས་ལྗོངས་ཡུལ་སྐོར་དེ་སྤྲོ་གསེང་ཉམས་ལེན་གཏིང་ཟབ་ཀྱི་ཡུལ་སྐོར། སྤ་སེའི་དཔལ་འབྱོར་དེ་ཐོན་ལས་དཔལ་འབྱོར་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཐོག་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཀླུ་ནང་དུ་རི་མཐོའི་འབྲོག་ར་དང་རྩྭ་ར་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རྟ་ནོར་མང་ཞིང་དུས་བཞིའི་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད། “དམངས་སྲོལ་གནས་ཚང་ག་ཚོད་ཡོད་དམ” “མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ཕན་འབྲས་ཅི་འདྲ་ཡོད་དམ”ཀརྨ་ཚེ་བརྟན་གྱིས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་དང་དམངས་སྲོལ་གནས་ཚང་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱིས་དམངས་ཕན་དམངས་ཕྱུག་ཡོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ལས་ཞུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་ཧུར་ཐག་བྱས་ཐོག་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།