དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་དང་ལན་ཀྲོའུ་སློབ་ཆེན་དབར་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ལས་དོན་སྐོར་ལ་མཉམ་ལས་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-01

    ཟླ་10ཚེས་29ཉིན། རང་སྐྱོང་ལྗོངས་སྲིད་གྲོས་དང་ལན་ཀྲོའུ་སློབ་ཆེན་གྱིས་ལྷ་སར་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ལས་དོན་སྐོར་ལ་མཉམ་ལས་གྲོས་མཐུན་བཞག་པ་དང་། ཕྱོགས་གཉིས་པོས《མཚོ་བོད་ས་མཐོའི་གྲོང་ཚོ(དགོན་སྡེ)བརྒྱ་ཡི་མི་ཆོས་རིག་གནས་དང་ཁོར་ཡུག་གི་ལོ་རྒྱུས》ཀྱི་གྲུབ་འབྲས་ཡིག་ཆ་ཁག་དང་པོ་རྩིས་སྤྲོད་བྱས་པ་དང་འབྲེལ། དང་ལེན་ཡིག་ཆ་ཡང་སྤྲད་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། ལན་ཀྲོའུ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཞའོ་ཅེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    མོང་ཞའོ་ལིན་གྱིས་མཱ་ཞའོ་ཅེ་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་གན་འཇོག་གོ་སྐབས་སུ་བརྩིས་ནས་སྲིད་གྲོས་ཀྱི་ཟམ་པ་དང་སྒྲོག་ཐག་གི་ནུས་པ་དང་ལན་ཀྲོའུ་སློབ་ཆེན་གྱི་རིག་སྟོབས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་བོད་ཀྱི་ཕུལ་བྱུང་ལོ་རྒྱུས་རིག་གནས་རྒྱུན་འཛིན་སྲུང་སྐྱོང་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། གྲོང་ཚོའི(དགོན་སྡེ)སྤྱི་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་དང་ས་གནས་ཀྱི་ཤེས་བྱ་ཟིན་ཐོར་འགོད་པ། ཁྱད་ལྡན་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞི་བསྡུ་རུབ་དང་། ལེགས་སྒྲིག ཞིབ་འཇུག་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།