རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ།
ལིའུ་ཅང་གིས་གཙོ་སྐྱོང་དང་གསུང་བཤད་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་སྔར་བས་དོན་འཁྱོལ་བྱས་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
བསོད་ནམས་ཉི་མ་དང་། མོང་ཞའོ་ལིན། པད་མ་དབང་འདུས། སྒྲོལ་དཀར། ཝང་ཀང་བཅས་ཞུགས་པ་དང་། བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་ཡོད་པ་རེད།
ལིའུ་ཅང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་ལམ་གསར་པར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་སྡུད་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཏན་ཏིག་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ནུས་ཤུགས་ཡོད་རྒུས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པའི་ཐད་འབད་བརྩོན་ཤུགས་ཆེན་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གནས་བབ་གལ་ཆེན་དང་། མཛུབ་ཁྲིད་དགོངས་པ། ལས་ཀའི་རྩ་དོན། གཙོ་གནད་ལས་འགན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་མིག་སྔའི་གནས་ཚུལ་དང་ལས་འགན་གྱི་ཚན་རིག་དང་མཐུན་པའི་་བརྡར་གཅོད་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ནས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་ཏན་ཏིག་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཟབ་སྦྱོང་མཐིལ་རྟོགས་ཐད་འབད་བརྩོན་ཤུགས་ཆེན་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་འགོ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་། “སྲིད་གྲོས་སློབ་ཁང”གིས་སློབ་སྦྱོང་ལ་ཁྲིད་སྟོན་བྱེད་པ། “རིག་དཔལ་དར་བའི་སྲིད་གྲོས”ཀྱིས་མཉམ་དུ་སློབ་སྦྱོང་བྱེད་པ་སོགས་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས། སྲིད་གྲོས་ཀྱི་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་ཚོས་ཇི་མ་ཇི་བཞིན་སྦྱོང་བ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་སྒྲིག་འཛུགས་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པའི་འགན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པའི་ཐད་འབད་བརྩོན་ཤུགས་ཆེན་བྱས་ཏེ། སྲིད་གྲོས་ཀྱི་སྨྱན་སྦྱོར་གསར་པ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས། སྲིད་གྲོས་ཨུ་ཡོན་དང་གྲོང་སྡོད་ལས་བྱེད་པའི་ནུས་པ་ཡག་པོ་འདོན་པ་དང་། གཞི་ཁྱོན་ལྡན་པ་དང་། གཏིང་ཟབ་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།