རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེར་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེའི་ཇོ་མོ་གླང་མ་ཟློས་གར་ཁང་ཆེན་པོར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་རེད།
མཛད་སྒོར་བཞུགས་མཁན་འགོ་ཁྲིད་ཀྱིས་2025ལོའི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”ལ་བྱ་དགའ་སྤྲད་པ་དང་འབྲེལ། འགྲན་བསྡུར་ནང་ཚུད་པའི་བདམས་ཐོན་པར་ལག་ཁྱེར་ཡང་སྤྲད་པ་རེད། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་སྒྲོག་འགྲེལ་པ་དགྲ་ལྷ་དང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཤག་ལྷོ་གྲོང་ཚོའི་གསར་བརྗེའི་འབྲས་དཀར་འཁྲབ་སྟོན་རུ་ཁག མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་ཨ་ཆེན་ཆུ་འདྲེན་བཀོད་སྒྲིག་ཁུལ་གྱི་གཞི་རིམ་སྒྲོག་འགྲེལ་པ་ཚེ་དབང་བཀྲ་ཤིས། རུ་ཐོག་རྫོང་རེ་ཅོ་གྲོང་ཚོའི་སྒྲོག་འགྲེལ་པ་བསྟན་པ་ཚེ་རིང་བཅས་ཀྱིས་གེ་སར་སྒྲུང་གི་རྣམ་པ་དང་། འབྲས་དཀར《དཔལ་ཡོན་གྱི་མེ་སྟག་ཁྱིམ་ཚང་ཁྲི་སྟོང་དུ་མཆེད》 གཏམ་བརྗོད་ཐུང་གྲས《སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རྗེའི་འོད་ཟེར་གྱིས་བོད་ཀྱི་བདེ་སྐྱིད་ལམ་བུ་གསལ》བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་གཞི་རིམ་སྒྲོག་འགྲེལ་དཔུང་ཁག་གི་ཉམས་འགྱུར་མངོན་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།