དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོར་བརྟག་ཞིབ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-20

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོར་ཕེབས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    གར་པ་གྲོང་ཚོ་ཨུ་ལྷན་དུ། ལིའུ་ཅང་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། གཞི་རིམ་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ་བཅས་ལ་ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཀུན་གྱི་སྣེ་ཁྲིད་དེ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལྷག་བསམ་དང་བརྩེ་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་ཞུ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ནས་ཁོང་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཟབ་ཏུ་གཏོང་རྒྱུའི་ལྕག་སྐུལ་གནང་བ་རེད།

    དེ་རྗེས་ལིའུ་ཅང་གིས་རྔ་ཆེན་ཁྲོམ་གཞུང་དང་གར་པ་གྲོང་ཚོའི་ལས་བྱེད་མང་ཚོགས་དང་བཞུགས་མོལ་གནང་ཞིང་། ཁོང་གིས་བསྟན་དོན། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་བརྟན་པོར་འཛུགས་རྒྱུ་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ཡིན་པས། སྙིང་རུས་གཏན་འཁྱོངས་ཀྱིས་རྒྱུན་དུ་དམ་འཛིན་དང་ཡུན་རིང་བཅོས་སྐྱོང་བྱེད་དགོས། བསམ་བློའི་ངོས་འཛིན་གནད་ལ་འཁེལ་བར་བྱས་ནས་ཏང་འཛུགས་སྐྱོང་དང་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཁ་ཕྱོགས་གསལ་པོ་བརྟན་པོར་བཙུགས་ཏེ། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་དགོས། དག་ཐེར་གནད་ལ་འཁེལ་བའི་ལས་དོན་གཏིང་ཟབ་སྤེལ་ནས་ཏང་ཡོན་གྱི་རྒྱུན་གཏན་སློབ་གསོ་དོ་དམ་ལ་ལྟ་སྐུལ་དམ་ནན་གྱིས་བློ་དཀར་སྤྱོད་གཙང་དང་འགན་འཁྲི་འཁུར་ཐུབ་པར་བྱས་ཏེ། སྔོན་ཐོན་བསྡུར་བ་དང་བསྡུར་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་གཏོད་དགོས། ལམ་ལུགས་དང་ལམ་སྲོལ་གནད་ལ་འཁེལ་བར་བྱས་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་གྲོང་མིའི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་ལས་བྱེད་པའི་ཁྲིམས་ལྟར་ལས་སྒྲུབ་ནུས་པ་ཆེ་རུ་བཏང་སྟེ། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གཏོད་དགོས། ལས་དོན་དོན་འཁྱོལ་གནད་ལ་འཁེལ་བར་བྱས་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་དམ་འཛིན་བྱས་ཐོག་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ཕན་འབྲས་སུ་ཏན་ཏིག་འགྱུར་བར་བྱེད་དགོས། མང་ཚོགས་ལ་ཞབས་འདེགས་གནད་ལ་འཁེལ་བར་ཞུས་ནས་མང་ཚོགས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་། མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པ། མང་ཚོགས་ལ་ལས་དོན་བློ་ཡིད་ཚིམ་པ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་སྒོ་རྩར་ཞབས་འདེགས་སྤུས་ལེགས་ཞུ་དགོས།

    བརྟག་ཞིབ་གནང་སྐབས། ལིའུ་ཅང་གིས་ནན་བཤད་གནང་དོན། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། གཞི་རྩ་བརྟན་གཏོང་བཅས་ཀྱི་ལས་ཀའི་སྟོན་ཕྱོགས་མངོན་གསལ་དོད་དུ་བཏང་ནས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ལ་གཅིག་སྡུད་དག་ཐེར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཀྲི་པུའུ་ཚང་མ་དང་ཏང་ཡོན་ཚང་མར་དོན་འཁྱོལ་བྱས་ནས་འགན་འཁྲི་ཡང་དག་པར་འཁུར་བ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བརྟན་ལྷིང་ལ་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་འཐབ་འཛིང་མཁར་རྫོང་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།