དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-18

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་སྦྲགས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་གཉིས་འཕར་གྱི་རྣམ་པ་བཟང་པོ་མངོན་ཡོད། ང་ཚོས་ཡིད་ཆེས་བརྟན་གཏོང་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དཔལ་འབྱོར་ལས་དོན་ལ་སྟངས་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དབྱེ་ཞིབ་གནད་ལ་འཁེལ་བ་དང་། ཇུས་འགོད་གཏིང་ཟབ་པ། སྐུལ་འདེད་གཏོང་མཁས་པོ་བཅས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་འགན་ལེན་གྱིས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོ་གཏན་འཁེལ་དང་ཁྱོན་ཡོངས་འགན་ལེན་བྱེད་པའི་མཇུག་འགྲིལ་དུས་མཚམས་ཤིག་ཡིན་ལ། སང་ལོའི་ལས་དོན་གྱི་འགོ་ཡག་པོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན་པས། ལྗོངས་ཡོངས་གོང་འོག་ཚང་མས་གནད་དོན་འཛིན་ཕྱོགས་དང་དམིགས་ཚད་འཛིན་ཕྱོགས་མཐའ་འཁྱོངས་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རྣམ་གྲངས་དམ་འཛིན་དང་། འཛད་སྤྱོད་རྒྱ་ཆེར་གཏོང་བ། ཐོན་ལས་ཤུགས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ། ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔོན་གཏན་འཁེལ་བའི་དམིགས་ཚད་ལེགས་སྒྲུབ་ཀྱིས་ད་ལོ་དང་སང་ལོའི་དཔལ་འབྱོར་ལས་དོན་བརྟན་ལ་ནུས་ཆེའི་སྒོ་ནས་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་ཐད་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དང་། རང་སྟོབས་ནུས་པ་འདོན་སྤེལ་གང་ལེགས། ཐོན་ཁུངས་སྤྱི་འདོམས་ནུས་ལྡན། རྒྱུ་རྐྱེན་གཙོ་བོ་འགན་ལེན་ཤུགས་ཆེན་བཅས་བྱས་ནས་མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། སྤུས་ལེགས་ཁེ་ལས་དང་སྤུས་ལེགས་རྣམ་གྲངས་དེ་བས་མང་པོ་བོད་དུ་འགུག་དགོས། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཡུལ་ལྗོངས་གཏོད་པ་དང་། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས། འཛད་སྤྱོད་ཁྲོམ་ར་སྐུལ་སྤེལ་དང་འཛད་སྤྱོད་གཏིང་ཤུགས་འཕེལ་བར་བྱ་དགོས། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། མཐའ་ཚད་ཀྱི་བསམ་ཕྱོགས་དང་མཐར་ཟད་ཀྱི་བསམ་ཕྱོགས་ཤུགས་ཆེར་བཏང་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ཁག་དམ་འཛིན་ལྷོད་མེད་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཡག་པོ་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པ”ཚན་རིག་དང་མཐུན་པར་འཆར་འགོད་བྱ་རྒྱུ་ཟུང་འབྲེལ་བྱས་ཐོག་འགན་འཁྲི་ཆེན་པོ་ཁུར་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ཞན་ཆ་གསབ་པ། ལྷུ་ཚིགས་ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་སྤེལ་བ་བཅས་བྱས་ཏེ་དངོས་སྒྲུབ་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།