རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ཆེད་དོན་སློབ་སྦྱོང་གི་དཔེ་ཀློག་འཛིན་གྲྭ་གཉེར་བ།
ཚེས་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ཆེད་དོན་སློབ་སྦྱོང་གི་དཔེ་ཀློག་འཛིན་གྲྭ་གཉེར་ཞིང་། མི་སྒེར་གྱི་རང་སྦྱོང་དང་། གཅིག་སྡུད་སློབ་སྦྱོང་། སྤེལ་རེས་བགྲོ་གླེང་སོགས་ཀྱི་རྣམ་པར་བརྟེན་ནས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གོམ་སྟབས་རྗེས་མའི་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ལ་ཞུགས་པ་དང་འབྲེལ། ཚན་ཁག་གི་ཁོངས་མི་དང་སྤེལ་རེས་བགྲོ་གླེང་ཡང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད་ལ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་འགན་འཁྲི་དང་ལས་འགན་གལ་ཆེན་ཞིག་ཀྱང་རེད། ཁོངས་གཏོགས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ཏེ། གཟབ་སྦྱོང་མཐིལ་རྟོགས་དང་ལག་བསྟར་བྱེད་པ་དང་། ཟབ་ཏུ་གཏོང་བ་དང་། སེམས་རྒྱུད་ལ་འཇག་པ། གཞན་སྒྱུར་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་བསམ་བློའི་སྟོབས་ཤུགས་ཆེན་པོ་དང་བདེན་དོན་གྱི་སྟོབས་ཤུགས་ཤེས་རྟོགས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་དད་པ་བརྟན་པོ་དང་ལྷག་བསམ་ལྡན་པའི་ལག་ལེན་བསྟར་མཁན་ཞིག་བྱེད་དགོས།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱས་ནས་སློབ་སྦྱོང་གི་རྣམ་པ་གསར་གཏོད་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་དགོས། དྲིལ་བསྒྲགས་དང་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་འབྲས་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་སྒྱུར་དགོས།
འབྲེལ་ཡོད་གསར་འགྱུར།