དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་མཉམ་སྡེབ་དང་བཀའ་མོལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    ཟླ་10ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་མཉམ་སྡེབ་དང་བཀའ་མོལ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག སྲོལ་རྒྱུན་གཟི་བརྗིད་ཅན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་བློ་སྦྱོང་དང་ལས་སྒོའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་བསྟན་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་ཆབ་སྲིད་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག ཀུན་སྤྱོད་གཙོར་འཛིན་དང་ཆབ་སྲིད་ཀྱི་ཚད་གཞི་ནན་པོ་བྱེད་པ་དང་། བྱ་གཞག་གཙོར་འཛིན་དང་འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་བྱེད་པ། ལས་སྒྲུབ་འཇོན་ཐང་ནས་ལས་བྱེད་པར་རྒྱུས་ལོན་དང་དངོས་ཡོད་གྲུབ་འབྲས་ནས་དཔྱད་འདེམས་བྱེད་པ་བཅས་མཐའ་འཁྱོངས་བྱས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སེམས་པ་གཅིག་མཐུན་དང་ཤུགས་སྒྲིལ་ལས་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ལས་བྱེད་པས་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ཧུར་ཐག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་མཁས་པ་དང་། གོ་སྐབས་དམ་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་ཡོངས་བསམ་བཀོད་ཐུབ་པ། དུས་བབ་སྟངས་འཛིན་ཐུབ་པ། དོན་ཆེན་དམིགས་འཛིན་ཐུབ་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས། བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་སྔར་བས་རང་རྟོགས་ངང་བཞག་ནས་བསམ་གཞིག་ཞིབ་འཇུག་དང་ཇུས་འགོད་སྐུལ་འདེད་བཏང་སྟེ། ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། དཀའ་གནད་སེལ་ཕོད་པ་དང་། དུས་བབ་འཕེལ་རྒྱས་དང་བྱ་གཞག་གི་དགོས་མཁོར་འཚམ་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ནས། གནད་དོན་ལ་མི་གཡོལ་བར་དཀའ་གནད་ཐག་གཅོད་བྱེད་པའི་ཁྲོད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ལྷོད་མེད་བྱེད་པའི་ཁྲོད། ལག་ལེན་གྱི་ཉམས་སད་ཐེག་པ་དང་མི་དམངས་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག བརྩེ་སེམས་བཅངས་ནས་མང་ཚོཌ་ཀྱི་གནད་དོན་ཐག་གཅོད་བྱེད་རོགས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། ཉེན་ཁ་འགོག་ཟོན། ཁྲིམས་ལྟར་སྲིད་འཛིན། མཐུན་སྒྲིལ་ལས་སྒྲུབ་བཅས་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། གྲུབ་འབྲས་སྟོན་ཕྱོགས་སུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ། མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་ཤུགས་ཆེར་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ནས། ཇུས་འགོད་ཚན་རིག་དང་མཐུན་ལ་དམངས་གཙོ་ཡིན་པ་དང་། ལག་བསྟར་བློ་ཐག་ཆོད་ལ་ནུས་ལྡན་ཡིན་པ། ལས་སྒྲུབ་ཁྲིམས་དང་མཐུན་ལ་ནུས་ཕྱོད་ཆེ་བ་བཅས་ཡོང་བར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་སྟེ་ཏང་དང་མི་དམངས་བློ་བདེ་ཡིད་ཚིམ་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་རྩ་བའི་དགོངས་གཞི་ནན་པོར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་བེད་སྤྱོད་ཡག་པོ་བྱེད་པ་དང་། ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ་བཅས་བྱས་ནས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྲ་བརྟན་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་། ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། སྤྱོད་གཙང་གི་རང་གཤིས་རྒྱུན་འཁྱོངས་བྱེད་པ། བློ་སྦྱོང་དང་། ཀུན་སྤྱོད། ཁ་དན་ཚིག་གནས། ངོ་ཚ་ཁྲེལ་ཡོད་བཅས་ལ་སྣང་ཆེན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་རང་བརྩི་རང་དཔྱོད་རང་གཟབ་རང་གཅུན་བཅས་བྱས་ནས་དྲང་པོའི་མི་བྱེད་པ་དང་རང་འཁྲིའི་ལས་སྒྲུབ་པ། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་བཅས་བྱེད་དགོས། བློ་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་སྒྲིག་རྒྱལ་ཁྲིམས་ནན་སྲུང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དྲང་གཞག་སྒྲུབ་པ། མི་གཞུང་དྲང་ཅན་བྱེད་པ། ལས་འགན་འཁུར་ཕོད་པ། རང་འགན་ལ་བློ་དཀར་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།