ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ།
ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་ནས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་གཅིག་སྡུད་ཐོག་སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་དོན་ཕུན་སུམ་ཚོགས་ཤིང་དགོངས་པ་གཏིང་ཟབ་པ་དང་། དེབ་ཧྲིལ་པོར“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ཏེ་གཞུང་འཁྱོངས་གསར་འབྱེད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་མགོ་མཇུག་ཡོངས་ལ་ཁྱབ་པ། མི་དམངས་གོང་དུ་བཀུར་བའི་རྩ་བའི་ལངས་ཕྱོགས་མངོན་པ། ཀྲུང་གོ་གུང་ཁྲན་ཏང་གི་གོ་ལ་ཧྲིལ་པོའི་མཐོང་རྒྱ་མཚོན་པ་བཅས་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མི་སེམས་སུ་གཏིང་ཟབ་ཟུག་པར་དམིགས་ཏེ་ཟབ་སྦྱོང་མཐིལ་རྟོགས་ཀྱིས་མ་རྩོམ་སྦྱོང་བ་དང་། མ་རྩོམ་ཀློག་པ། མ་རྩོམ་གྱི་ནང་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་དད་མོས་སྔར་བས་བརྟན་དུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་རང་རྟོགས་ངང་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱེད་དགོས། བོད་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ་སྦྱོང་སྤྱོད་ཟུང་འབྲེལ་དང་། དགོངས་པའི་སྙིང་བཅུད་ཡག་པོ་སྦྱོང་བ། རིགས་པའི་གཞུང་ལུགས་དང་ལག་ལེན་དང་། སྤྱི་ཡོངས་དང་ཆ་ཤས། མིག་སྔ་དང་ཕུགས་བཅས་ཀྱི་འབྲེལ་བར་སྟངས་འཛིན་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་གྱི་གནད་དོན་ཐག་གཅོད་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། ལས་ཀའི་བྱེད་ཐབས་ཡག་པོ་སྤྱད་དེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་ལྔ་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་ཟུང་འབྲེལ་ནུས་ལྡན་བྱས་ནས་གནས་ཚུལ་གསར་པ་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས། ལག་ལེན་གྱི་བླང་བྱ་སློབ་སྦྱོང་ཡག་པོ་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པའི་ཐབས་ལམ་གསར་པ་མཐའ་འཁྱོངས་གཏིང་ཟབ་ཀྱིས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན་བཅས་མཐུན་སྦྱོར་གྱིས་ཤུགས་སྣོན་རྒྱག་པའི་བྱ་ཐབས་གསར་པར་བརྟེན་ནས་བོད་ཀྱི་སྤྱི་ཡོངས་དང་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། སློབ་སྦྱོང་གི་བླང་བྱར་དམ་པོར་དམིགས་ཏེ་ཤེས་སྤྱོད་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་ནན་དུ་གཏོང་བ། སློབ་སྦྱོང་གི་འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ།“འབྲེལ་གཏུག་གཉིས”རྒྱ་སྐྱེད་གཏིང་ཟབ་གཏོང་བ། བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ཀྱིས་སྤྱོད་པ། ཕྱོགས་ཁག་གི་བྱེད་པོས་ཐུན་མོང་ཐོག་སློབ་སྦྱོང་དང་གནད་དོན་དངོས་ཐག་གཅོད་བྱ་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་དངོས་འབྲེལ་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།