དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-13

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོར་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ● ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།

    ཟླ་10ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ནས། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་དང་གོང་མཐོར་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 2024ལོར་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་། ད་ལོ་ཚུན་དུ་རྟ་དཀར་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་དང་དེ་བཞིན་ཏང་རྩ་འཛུགས་དེ་ཉིད་ནུས་མེད་ཟབ་ཟོབ་ལ་གྱུར་པའི་རྒྱུ་རྐྱེན་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཚང་མ་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་བ་རེད། ཁོང་གིས་གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཡིན་པས། མང་ཚོགས་ལ་སེམས་ཁུར་གང་མང་བྱེད་པ་དང་སེམས་ལ་མང་ཚོགས་བཅངས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་དགོས་མཁོ་ཤེས་རྟོགས་བྱེད་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་བརྩེ་བ་འཆང་བཞིན་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱད་དེ་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་བྱ་བཟང་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། ཏང་ཨུད་དང་སྲིད་གཞུང་གི་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་ཆུ་ཤུར་གྲོང་རྡལ་འཇུན་པ་གྲོང་ཚོ་དང་བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིའི་བཟོ་ཁང་དུ་ཕེབས་ནས་གཞི་རིམ་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། གྲོང་གསེབ་ཀྱི་མཛེས་སྡུག་ནི་རི་སྔོན་ཆུ་དྭངས་ལས་མཚོན་པ་ཙམ་མ་ཟད། རིག་གནས་ཀྱི་ཁྱད་ཆོས་ནས་དེ་བས་མཚོན་གྱི་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསེད་བཀྲོལ་ནན་ཏན་སྒོས་སྔོག་འདོན་གཏིང་ཟབ་བྱས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། སྐྱེ་ཁམས་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས། བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་དང་། ཚན་ཞིབ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཕྱི་ཕྱིགས་སུ་གོང་ཚད་མཐོ་པོས་འཚོང་བ་བཅས་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། ཏང་འཛུགས་སྐྱོང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་འཆར་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་དཔྱད་ཞིབ་བཅས་བྱས་ཏེ་གཞི་རིམ་ལ་དམ་འཛིན་ཆེན་པོ་དང་རྨང་གཞིར་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་བཙུགས་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་གཞི་རིམ་བཅོས་སྐྱོང་གི་ནུས་པར་ཏན་ཏིག་སྒྱུར་དགོས། བློ་སྒྲིལ་སེམས་སྐྱེད་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་བློར་སྣེ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་དམ་འཛིན་ཏན་ཏིག་བྱེད་པ། གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱོད་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་སེལ་བ་བཅས་བྱས་ཏེ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཚན་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་ཧྲག་པོ་འཛུགས་པ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བར་སློབ་གསོ་ཁྲིད་སྟོན་གྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་བཟང་པོ་ཧུར་ཐག་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་མང་ཚོགས་སྒྲིག་འཛུགས་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱི་ཚུལ་རིང་ལུགས་ལ་རྒྱུན་མཐུད་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་ཧུར་ཐག་བྱེད་པ། གཞི་རིམ་གྱི་ལས་དོན་གསལ་ཐོ་ཅན་དང་། ལམ་སྲོལ་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་ལས་བྱེད་པར་མང་ཚོགས་ཁྲོད་དུ་སྐྱོད་པའི་དུས་ཚོད་དེ་བས་མང་བ་དང་སེམས་ནུས་དེ་བས་མང་བ་ཡོང་བར་བྱས་ནས་གནས་ཚུལ་དངོས་ཁོང་དུ་ཆུད་པ་དང་། ཞིབ་ཕྲའི་གནད་དོན་ཐག་གཅོད། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།