དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-11

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་བཞིན་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ་ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་བཞིན་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། གྲུབ་འབྲས་ལ་ཕྱོགས་སྡོམ། དུས་བབ་ལ་དབྱེ་ཞིབ། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བཅས་བྱས་པ་རེད།

    ལིའུ་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་དགོས་པའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་བཞིན་སྤེལ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།

    ཁུངས་སྣེར་དབྱེ་ཞིབ་དང་ཞིབ་དཔྱད་ཀྱི་ཆུ་ཚད་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་ནུས་ཆེ་རུ་བཏང་སྟེ། རྒྱུན་གཏན་ནས་ནག་སེལ་གཤེད་བཅོམ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བར་འདེགས་སྐྱོར་བྱེད་དགོས། ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་ཤུགས་ཆེ་རུ་བཏང་ནས་ཞབས་ཞུ་འགན་ལེན་གྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ཁྲོམ་རའི་འགྲོ་རྒྱུག་ཁྱབ་ཁོངས་དང་མང་ཚོགས་ཀྱི“དངུལ་ཁུག”སྲུང་བ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ནག་ཉེས་གསོག་པར་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། རྒྱུན་བཅོས་ཕུགས་ཕན་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་སུ་དོགས་ཟོན་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། ཁྲིམས་ཁུར་དུས་བཀག་གཙང་ནས་གློད་འགྲོལ་བཏང་བའི་མི་སྣ་བཀོད་སྒྲིག་དང་ཁོང་ཚོར་སློབ་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྤྱི་ཡོངས་སྔོན་འགོག་དང་ཚོད་འཛིན་མ་ལག་དང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་རྒྱུན་གཏན་ནས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

    ལིའུ་ཅང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ནག་སེལ་གཤེད་བཅོམ་རྒྱུན་གཏན་ནས་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་བྱེད་པ། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་བཅས་མཐའ་འཁྱོངས་བྱས་ཏེ་ནག་སེལ་གཤེད་བཅོམ་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་ལས་དོན་སྒྲུབ་མཁན་ཡོད་པའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་ཁྲིམས་བཀུར་སྤྱོད་བཟང་དར་སྤེལ་དང་བཟང་སྐྱོར་ངན་འཇོམས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ནག་སེལ་གཤེད་བཅོམ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།