རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སོགས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།
ཚེས་9ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སོགས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་སྐོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། གནས་ཚུལ་སྙན་སེང་གསན་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ནན་བཤད་བྱས་དོན། ད་ཐེངས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་སྤེལ་དོན་ནི་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཞིབ་བཤེར་ཚོགས་ཆུང་གི་མི་སྣ་ཡོངས་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། ཚད་མཐོའི་འགན་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་ཞིབ་བཤེར་ལས་དོན་ལ་ཞུགས་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་ཞིབ་བཤེར་ཇུས་གཞིའི་བླང་བྱར་ནན་པོར་གཞིགས་ནས། འགག་རྩའི་ཁྱབ་ཁོངས་དང་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་གནས་ཚུལ་ངོ་མ་ཤེས་རྟོགས་དང་། གནད་དོན་འཚོལ་བ། གྲོས་འགོ་འདོན་པ་བཅས་བྱེད་དགོས། ལས་དོན་ཁག་གི་སྒྲིག་ཁྲིམས་དང་གསང་སྲུང་གཏན་འབེབས་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ། གཟབ་ནན་ཞིབ་ཚགས་ཀྱི་སྤྱོད་ཚུལ་བསྐྱངས་ནས་གཟུགས་བརྙན་བཟང་པོ་མངོན་པར་བྱེད་པ་དང་ཁྲིམས་སྒྱུར་ཞིབ་བཤེར་གྱི་བརྒྱུད་རིམ་ཏན་ཏིག་དང་། གྲུབ་འབྲས་དང་ཕན་འབྲས་ངོ་མ་ཐོན་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།