དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་མིང་གཞུང》སྒྲིག་བཟོ་བྱས་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་མིང་གཞུང》(གཤམ་ལ《མིང་གཞུང》ཞེས་བསྡུ་རྒྱུ)སྒྲིག་བཟོ་བྱས་ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《མིང་གཞུང》སྒྲིག་བཟོ་བྱས་པ་ནི《བོད་རང་སྐྱོང་ལྗོངས་ཀྱིས་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག》ལག་བསྟར་དང་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཁྱགས་རོམ་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་ཆེད་རེད། 《མིང་གཞུང》ནང་འཁྱགས་རོམ་སྲུང་སྐྱོང་བྱ་ཡུལ་ཁ་གསལ་བཟོས་ནས། རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་འཁྱགས་རོམ་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་དང་། སྐྱེ་ཁམས་ཀྱི་དམར་ཐིག་དབྱེ་འབྱེད་གཏན་འཁེལ། མིའི་རིགས་ཀྱི་འགུལ་སྐྱོད་དོ་དམ་དང་ཚོད་འཛིན་སོགས་ཐད་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། འཁྱགས་རོམ་རིམ་དབྱེའི་མ་ལག་བཙུགས་པ་དེས་ཚན་ཞིབ་སྒྲིག་གཞིས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་དུས་ཡུན་རིང་པོ་བྱེད་པ་དང་། འཁྱགས་རོམ་ལསྲུང་སྐྱོང་དང་། སྐྱེ་ཁམས་འཛུགས་སྐྱོང་། གེགས་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་འདེཌ་སྐྱོར་བྱེད་པར་ཕན་ཐོགས་ཡོད་པ། འཁྱཌ་རོམ་གྱི་ཁྱད་པར་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ནས། ཐོན་ཁུངས་གསར་སྤེལ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། མིའི་རིགས་ཀྱིས་འཁྱགས་རོམ་ཉམས་ཞན་ཁུལ་དང་འཚོ་གནས་ཁུལ་ལ་འགོག་རྐྱེན་བཟོ་ཚད་ཉུང་དུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐབས་ཇུས་འདིང་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད།

    རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ང་ཚོས《མིང་གཞུང》ལོ་ལྔ་རེར་གསར་སྒྱུར་ཐེངས་རེ་བྱས་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ། རིམ་དབྱེ་དང་གཏོགས་ཁོངས་དོ་དམ་ཟུང་འབྲེལ་བྱེད་སྟངས་གཞིར་བཟུང་། འཁྱགས་རོམ་གྱི་ས་སྤྱོད་ཐད་རིམ་པ་མཐོ་རུ་བཏང་ནས། ཞིབ་མཆན་འགོད་པ་དང་། འཁྱགས་རོམ་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་པ། འཁྱགས་རོམ་ལ་སྲུང་སྐྱོང་དང་དོ་དམ་གྱི་ཕན་ནུས་ཆེ་རུ་རྒྱུན་མཐུད་གཏོང་བ་བཅས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད། འདེགས་སྐྱོར་བརྟན་པོ་བྱེད་རྩིས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།