དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ།

    ཝང་ཅུན་ཀྲེང་དང་། ཀརྨ་ཚེ་བརྟན། ལིའུ་ཅང་སོགས་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    ཟླ་9ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་བཞིན་པ།

    དཔའ་བོའི་མཚན་སྙན་ལོ་རྒྱུས་དེབ་ཐེར་ཐོག་ཏུ་འཁོད། མེ་ཏོག་སོས་པ་ཕུལ་ནས་དཔའ་བོར་རྗེས་དྲན་ཞུ། ཟླ་9ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོ་རྣམས་ལ་མེ་ཏོག་སི་ར་ཕུལ་ཞིང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།

    ཝང་ཅུན་ཀྲེང་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། དབང་ཧའེ་ཀྲོའུ། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། བསྟན་པ་སོགས་ཞུགས་པ་རེད།

    ཐང་ཤིང་དང་ཤུག་སྡོང་སྔོན་པོའི་ཁྲོད་ཀྱི་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཁུ་སིམ་ཞིང་རྔམ་བརྗིད་ལྡན་པ་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་ཡོད་པ་རེད།

    ཆུ་ཚོད་9དང་སྐར་མ་30ཙམ་ལ། རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་ཞབས་ཐང་མར་དྲན་གསོའི་རྡོ་རིང་མདུན་དུ་ཕེབས་ཏེ་གུས་སྟབས་ཀྱིས་བཞེངས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་རེད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་འགྱུར་ཁུག་དང་བསྟུན་ནས་དེ་གར་ཡོད་པའི་མི་རྣམས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་རེད། རྒྱལ་གླུ་བླངས་རྗེས། ཚང་མས་གུས་སྟབས་ཀྱིས་ལངས་ནས་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ངག་བསྡམས་ནས་མྱ་ངན་ཞུས་རྗེས། ལོ་ཆུང་གདོང་ལེན་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས་པ་རེད།

    བརྩེ་བས་ཕྱུག་པའི《མེ་ཏོག་འབུལ་བའི་རོལ་དབྱངས》ཀྱི་འགྱུར་ཁུག་དང་བསྟུན་ནས་གུས་དམག་18ཀྱིས་མེ་ཏོག་སི་ར་9བཏེགས་ཏེ་སྒམ་བརླིང་ལྡན་པའི་གོམ་སྟབས་སྤོ་བཞིན་དྲན་གསོའི་རྡོ་རིང་ཕྱོགས་སུ་དལ་བུར་བསྐྱོད་ནས་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་གྲལ་སྟར་འགྲིག་པོས་བཞག་པ་རེད། མེ་ཏོག་སི་ར་དགུ་པོ་འདི་དག་ནི། རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་ཁག ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས། བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་ཕུལ་བ་རེད། མེ་ཏོག་སི་རའི་དར་འཛར་དམར་པོའི་ངོས་སུ“སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པའི་ཡི་གེ་སེར་པོ་འཁོད་ཡོད་པ་ལས་བོད་ཀྱི་མི་དམངས་ཁྲི་ཚོ་370ཡིས་སྔོན་གཤེགས་དཔལ་བོར་རྗེས་དྲན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།

    ཝང་ཅུན་ཀྲེང་སོགས་མེ་ཏོག་སི་རའི་མདུན་དུ་དལ་བུར་ཕེབས་ཏེ་བློ་རྩེ་གཅིག་སྒྲིམ་ངང་གཟིགས་བཞིན་དར་འཛར་སྲོང་སྐྱོར་ཞིབ་ཚགས་གནང་བ་རེད། དེ་རྗེས། ལོ་ཆུང་བྱིས་པ་དང་མི་རིགས་ཁག་གི་འཐུས་མི་ཡང་རིམ་གྱིས་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་ལག་ནང་གི་མེ་ཏོག་སོས་པ་ཕུལ་ནས་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས་པ་རེད། ཝང་ཅུན་ཀྲེང་སོགས་ཀྱིས་ད་དུང་ཁུང་ཧྥན་སེན་སོགས་སྔོན་གཤེགས་དཔའ་བོའི་བང་སོར་མཇལ་དར་དང་མེ་ཏོག་སོས་པ་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།