དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ།

    ཡན་ཅིན་ཧའེ་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-30

    ཟླ་9ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་འགྲེམས་ཁང་དུ་ཝང་ཅུན་ཀྲེང་གིས་ནན་ཏན་ངང་གཟིགས་པ་དང་འབྲེལ་ངོ་སྤྲོད་གསན་ནས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྤྱི་ཡོངས་ཀྱི་འཆར་འགོད་དང་ཤིང་སོན་འདེབས་གསོ་དང་གསོན་ཚད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཟླ་9ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། བསྟན་པ། འཇམ་དཔལ། མོང་ཞའོ་ལིན་བཅས་ལྷན་དུ་ཕེབས་ཡོད་པ་རེད།

    ལྷོ་རི་བྱང་རིའི་སྔོ་འགྱུར་འགྲེམས་ཁང་དུ། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གཟིགས་པ་དང་འབྲེལ་ངོ་སྤྲོད་གསན་ནས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྤྱི་ཡོངས་ཀྱི་འཆར་འགོད་དང་ཤིང་སོན་འདེབས་གསོ་དང་གསོན་ཚད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ནི་དུས་ཡུན་རིང་བའི་མ་ལག་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས། དམིགས་ཚད་དེར་དམ་པོར་དམིགས་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་གོམ་པ་རེ་རེ་བཞིན་བརྟན་པོ་སྤོ་བ་དང་དུས་མཚམས་རེ་རེ་བཞིན་བསྒྲུབ་དགོས། ལོ་ལྔའི་ནང་རི་ཀླུང་སྔོ་འགྱུར་དང་ལོ་བཅུའི་ནང་ལྷ་ས་སྔོ་ཁེབས་ཐུབ་པ་བྱས་ཏེ། གནམ་སྔོན་དང་རི་སྔོ་གཅིག་ལ་གཅིག་བརྒྱན་གྱི་མཛེས་པ་དེ་རྒྱུན་གཏན་གྱི་རྣམ་པ་ཞིག་ཏུ་འགྱུར་བར་བྱེད་དགོས།

    དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ་དང་། དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་གཏོད་དང་དྲིལ་བསྒྲགས་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། རི་རྒོད་སྔོ་འགྱུར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་སྒྱུར་གྱི་མངོན་གསལ་དོད་པའི་བསྡུར་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཤིང་འཛུགས་ནགས་བཟོའི་ནང་ཧུར་ཐག་ཞུགས་ཏེ། སྔོ་ལྗང་ལ་ཞེན་པ་དང་། སྔོ་ལྗང་འདེབས་པ། སྔོ་ལྗང་དར་བ། སྔོ་ལྗང་སྲུང་བ་བཅས་གངས་ལྗོངས་ས་མཐོའི་དར་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། ལྷོ་རི་བྱང་རིའི་སྔོ་འགྱུར་རིག་ལྡན་དོ་དམ་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་སྐབས་བསྟུན་ལྟ་ཞིབ་ཚད་ལེན་གྱི་རྣམ་པ་དང་། རིག་ལྡན་ནགས་ཚལ་སྐོར་ཞིབ་དོ་དམ་སྲུང་སྐྱོང་། མེ་ཟོན་དང་སྔོན་ཚུད་ཉེན་བརྡ། རིག་ལྡན་ཆུ་འདྲེན་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་ནས། ས་གནས་ས་ཐོག་ཏུ་ནགས་སྲུང་བ་དང་ལྟ་སྐུལ་པའི་སྐོར་སྲུང་ལས་དོན་བཀོད་གཏོང་གནང་བ་རེད། ཁོང་གིས་ཚན་རྩལ་གྱི་འདུ་ཤེས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཁྲོད་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། འདི་ལོའི་ཟླ་8ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུཌ་སྣོན་རྒྱག་པ་དང་། ཐཱན་ཉུང་གཏོང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། དཔལ་འབྱོར་འཕར་སྐྱེད་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡག་པོ་སྲུང་དགོས་ཞེས་ནན་བཤད་གནང་ཡོད། དེས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་ཀྱིས། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་རང་བྱུང་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་སྤེལ་བས། ལྷོ་རི་བྱང་རི་སྔོ་འགྱུར་རིམ་རྩིས་བརྒྱབ་ན་མུའུ་ཁྲི་བརྒྱ་ལྷག་ཙམ་ནགས་བཟོ་ལེགས་གྲུབ་བྱུང་བ་དང་། ལྷ་སའི་རི་སྔར་བས་སྔོ་བ་དང་གནམ་གཤིས་སྔར་བས་ཡག་ཏུ་ཕྱིན་པ། སྐྱེ་དངོས་སྣ་མང་རང་བཞིན་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པས་ས་བབ་མཐོ་བའི་ས་ཁུལ་དུ་ཚན་རིག་དང་མཐུན་པའི་སྔོ་འགྱུར་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་མགྱོགས་སུ་གཏོང་དགོས། བོད་ཀྱི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། མངོན་མེད་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་དང་འཕེལ་རྒྱས་བདེ་འཇགས་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་མཐའ་དག་གི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞིར་བརྩི་བ་བཅས་བྱས་ནས། སྲུང་སྐྱོང་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འཕེལ་རྒྱས་ཁྲོད་དེ་བས་མཐོ་བའི་ཆུ་ཚད་སྲུང་སྐྱོང་ཐུབ་པ་ཧུར་ཐག་བྱེད་དགོས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཀྱི་དུས་བབ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། “ས་འདིར་ཤིང་འཕྲོད་མིན”གྱི་རྩ་དོན་ལ་བརྩི་སྲུང་ཞུ་བ། ལྕང་སོན་འདེམས་གསོ་དང་དོ་དམ་སྲུང་སྐྱོང་སྐོར་ཞིབ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ལྕང་སོན་གསོན་ཚད་དེ་ནགས་བཟོ་ཕན་འབྲས་ལ་དཔྱད་བསྡུར་བྱེད་པའི་ལྡོག་མེད་དམིགས་ཚད་དང་གཞི་འཛིན་ས་གལ་ཆེན་དུ་བརྩི་བ། ཚན་རྩལ་ལ་སྒུལ་ཤུགས་དང་ལས་ཕྱོད་ཡོང་བ་མཐའ་འཁྱོངས་བྱེད་པ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལྟ་འདོམས་དྲ་རྒྱ་སྐྲུན་པ་བཅས་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་རྒྱུ”དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ། མི་དམངས་ཀྱི་ཆེད་དུ་སྔོ་འགྱུར་དང་། མི་དམངས་ལ་བརྟེན་ནས་སྔོ་འགྱུར། སྔོ་འགྱུར་གྱི་གྲུབ་འབྲས་མི་དམངས་ལ་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཞིང་འབྲོག་མང་ཚོགས་ངལ་ལས་བརྒྱུད་ནགས་བཟོ་སྔོ་འགྱུར་ནང་ཞུགས་པར་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས། གཅིག་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་དང་། གཉིས་ནས་མང་ཚོགས་ཕྱུག་འགྱུར་ཐུབ་པར་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཉིས་ཕན་ཡོང་བར་འབད་བརྩོན་བྱེད་དགོས། སྤྱི་ཚོགས་ཡོངས་ལ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཛུགས་པ་དང་། ཉམས་མྱོང་ཕྱོཌ་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱོད་གོ་ཆོད་པའི་བྱ་ཐབས་བཟང་པོ་ལམ་ལུགས་དང་ལམ་སྲོལ་དུ་བསྒྱུར་ནས། དུས་རབས་གསར་པའི་བོད་ཀྱི་ནགས་བཟོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་དམངས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་རྒྱུར་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།