དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ།

    ཝང་ཅུན་ཀྲེང་དང་ལི་གོ་དབྱིང་གིས་གསུང་བཤད་གནང་བ། ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-20

    ཟླ་9ཚེས་18ཉིན། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཉིས་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

     ཟླ་9ཚེས་18ཉིན། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཉིས་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཆུ་བེད་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། སྐུ་ངོ་མ་བོད་དུ་གཟིགས་ཞིབ་ལ་ཕེབས་ཏེ། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་གཏན་འཁེལ་ཁ་གསལ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་པ་བཅས་གནང་ཡོད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་མཛུབ་སྟོན་གལ་ཆེན་གནང་སྟེ། ང་ཚོར་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་། ཆུ་བེད་པུས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྲིད་ཇུས་དང་། རྣམ་གྲངས། ཤེས་ལྡན་པ་སོགས་ཀྱི་ཐད་བོད་ཀྱི་ཆུ་བེད་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ལས་དོན་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། སླད་ཕྱིན་བོད་ཀྱིས་ཆུ་བེད་པུའུ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་བོད་ཀྱི་ལྗོངས་བབ་དང་ཆུའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཆུ་བེད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ལ་ཞབས་འདེགས་ཞུ་བའི་ཆུའི་བདེ་འཇགས་འགན་སྲུང་མ་ལག་འཛུགས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”ཆུ་བེད་འཆར་གཞི་བཟོ་འགོད་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་བོད་ཀྱི་ཆུའི་དྲ་བ་འཛུགས་པ་དང་། ཆུ་ཁུངས་ཀྱི་བར་མཐོངས་ཆགས་ཚུལ་ལ་གཞི་ཚུགས་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཀྱི་ཞིང་ཆུ་གཏོང་ཁུལ་དེང་རབས་ཅན་གྱི་སྒྱུར་བཀོད་དང་ཆུ་བོ་འབྲིང་ཆུང་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། 

    ལི་གོ་དབྱིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཆུ་བེད་པུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་དང་མཉམ་དུ་བོད་ཀྱི་ཆུ་བེད་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བར་ཕན་འབྲས་ཡག་པོ་ཐོན་པ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་དྲ་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། ཆུའི་སྐྱེ་ཁམས་སྲུང་སྐྱོང་སྔར་བས་ལེགས་སུ་ཕྱིན་པ། གྲངས་འཛིན་མཚེ་སྐྱེས་ཆུ་བེད་མ་ལག་འཛུགས་སྐྱོང་སྔར་བས་མགྱོགས་སུ་ཕྱིན་པ་བཅས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་སེམས་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་ཆུ་བེད་རྣམ་གྲངས་འབོར་ཆེན་ཞིག་གངས་ལྗོངས་ས་མཐོར་ལག་བསྟར་དོན་འཁྱོལ་བྱུང་ནས་གྲུབ་འབྲས་ཐོབ་ཅིང་། མི་རིགས་ཁག་གི་མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱུང་ཡོད་ཅེས་བསྟན་གནང་བ་རེད།

    ལི་གོ་དབྱིང་གིས་ཆུ་བེད་བོད་སྐྱོར་ལས་དོན་གྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲིའང་ལྕི་པོ་ཡོད། དེས་ན་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་ཏན་ཏིག་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བར་དམིགས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་པ། བོད་སྐྱོར་གནད་སྨིན་དང་། བརྒྱུད་རིམ་ལྡན་པར་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བོད་ཀྱི་ལྗོངས་བབ་དང་ཆུ་བབ་ལ་གཞིགས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སྔོན་འགོག་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། གཙང་པོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་མཐུད་སྲུང་སྐྱོང་དང་སླར་གསོ་བྱེད་པ། གྲངས་འཛིན་མཚེ་སྐྱེས་ཆུ་བེད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུའི་ཐོན་ཁུངས་ལ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། བོད་ཀྱི་ཆུ་བེད་བཅོས་སྐྱོང་དོ་དམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཆུ་བེད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྙིང་རུས་གཏན་འཁྱོངས་ཀྱིས་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཚན་རིག་དང་མཐུན་པའི་བོད་སྐྱོར་འཆར་གཞི་བཟོ་བ། དོན་འཁྱོལ་གྱི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། བོད་སྐྱོར་ལས་བྱེད་པའི་དགེ་མཚན་འདོན་པ་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ལེགས་པ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཆུ་བེད་བོད་སྐྱོར་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།