དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། སློབ་སྦྱོང་སློབ་གསོའི་ཉམས་མྱོང་ཕྱོགས་སྡོམ་བཅས་བྱས་ཏེ། ལག་བསྟར་དང་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་མཛུབ་སྟོན་གལ་ཆེན་གནང་སྟེ། སློབ་སྦྱོང་སློབ་གསོའི“རྗེས་མཐུད་ཀྱི་ལས་དོན”ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་། དཔའ་ངར་ཆེར་སྐྱེད་ཀྱི་འཐབ་སེམས། འབད་འབུངས་མདུན་སྐྱོད་ཀྱི་རྣམ་འགྱུར་བཅས་ལ་བརྟེན་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་བྱེད་ཤུགས་ཆེ་བ། བཅོས་སྒྲིག་ལ་ཕན་འབྲས་ཐོན་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཕུགས་ཕན་ལ་དམ་པོར་དམིགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི“རྒྱུན་སྲིང་དམག་འཐབ”ལ་རྒྱལ་ཁ་ལེན་དགོས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་དེ་རྒྱུན་དུ་དམ་འཛིན་དང་རྒྱུན་གཏན་དང་མཉམ་འདྲེས། མི་དམངས་འཐུས་ཚོགས་ཀྱིས་ལས་འགན་སྒྲུབ་པའི་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བཅས་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་ཡག་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་དམ་འཛིན་དངོས་སྒྲུབ་ཀྱིས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ནུས་ཤུགས་གནད་སྨིན་ངང་བཏོན་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི“འགག་སྒྲོལ་དམག་འཐབ”ལ་རྒྱལ་ཁ་ལེན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་སློབ་གསོ་དང་། གསོ་སྦྱོང་། ཁྲིད་སྟོན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་འཁུར་བ་དང་། གཟུགས་བརྙན་བཟང་པོ་བཏོད་པའི་འགན་ལེན་བྱེད་དགོས། མཁྲེགས་གཤིས་མངོན་གསལ་དོད་དུ་བཏང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་གི“གཡུལ་སའི་དམག་འཐབ”ལ་རྒྱལ་ཁ་ལེན་པ་དང་། རྒྱུན་གཏན་ནས་གནད་དོན་ཤེས་རྟོགས་ཐུབ་པ་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་སྔོག་འདོན་གཏིང་ཟབ་བྱས་ནས། དངོས་འཛིན་བཙན་འཐབ་དང་དམ་འཛིན་མཐའ་འཁྱོལ་བྱེད་དགོས། རྒྱུན་གཏན་ནས་དམ་འཛིན་ནན་པོ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི“སྲུང་སྐྱོང་དམག་འཐབ”ལ་རྒྱལ་ཁ་ལེན་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་ཧུར་ཐག་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང(ས་ཚིགས)དང་། བརྟག་དཔྱད་ཞིབ་འཇུག ཁྲིམས་སྒྱུར་ཞིབ་བཤེར་བཅས་ཀྱི་ནུས་པ་ནུས་ལྡན་བཏོན་ཏེ། བསམ་འཆར་དང་གྲོས་འགོ་དེ་སྤྱོད་ཚུལ་དག་ཐེར་གྱི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་དགོས། འགན་འཁྲི་ནན་དཀྲི་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི“འགན་འཁྲིའི་དམག་འཐབ”ལ་རྒྱལ་ཁ་ལེན་པ་དང་། སྤྱོད་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་རྩ་འཛུགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་དམ་འཛིན་ཏན་ཏིག་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་། རང་འགན་ཐེག་པ་འཁུར་ལེན། དམངས་ལ་བདེ་རྩ་སྐྲུན་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བསྟན་ཁོ་དང་། རྒྱལ་མཚན། ཏང་ཙུའི་ཁོངས་མི་ཞུས་ཁྲེང་ཚང་དང་། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།