དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཅང་ཝུན་ཕེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    ཚེས་9ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། དེ་བཞིན་བློ་མཐུན་ཚའེ་ཆི་དང་ལི་ཞི་ཡི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་དོན་འཁྱོལ་དང་ལག་བསྟར་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཅང་ཝུན་ཕེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཝུན་ཕེང་གིས་ནན་བཤད་གནང་དོན། འགོ་མཇུག་གཟབ་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས། རང་ངོས་དག་ཐེར་དོན་འཁྱོལ་དང་ཕྱོགས་སྡོམ་མཐོར་གཏོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། གཞོགས་འདེགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དེ་སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་གལ་ཆེན་ནང་བཅུག་སྟེ་འབྲེལ་ཡོད་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ངན་རེངས་འཛེམ་མེད་དམར་འདོན་གྱིས་ཡོ་བསྲང་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་གྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དམ་པོར་ལྡིར་བ།“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྲོལ་རྙིང་གོམས་ངན་མཐའ་དག་མཐའ་གཅིག་ཏུ་སེལ་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་རྣམ་དང་ཕུགས་ཕན་གྱི་སྐུལ་འདེད་བཏང་ནས། “མཐའ་འཁྱོངས་ལྔ”དང“ངེས་པར་དུ་དྲུག”སོགས་ཀྱི་ཉམས་མྱོང་རྩ་ཆེན་རང་རྟོགས་ངང་རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་གཏན་ནས་དམ་འཛིན་བྱེད་པ་དང་། གཙོ་གནད་ལ་དོ་སྣང་ཆེན་པོ་བྱེད་པ། རིམ་པ་ལྟར་འགན་འཁྲི་ནན་དུ་གཏོང་བ། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་དང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།