དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།

    ཝང་ཅུན་ཀྲེང་དང་ཝང་ཀྲུང་ལིན་གྱིས་གསུང་བཤད་གནང་བ། ཀརྨ་ཚེ་བརྟན་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    ཟླ་9ཚེས་7ནས་ཚེས་9ཉིན་བར། ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་དང་། ཚེས་8ཉིན་གྱི་ཕྱི་དྲོར། བོད་དང་ཧུའུ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་9ཚེས་7ནས་ཚེས་9ཉིན་བར། ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཞུགས་རིང་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་རྙིང་བཤམས་སྟོན་ཁང་དུ་ལྟ་སྐོར་གནང་བཞིན་པ།

    ཟླ་9ཚེས་7ནས་ཚེས་9ཉིན་བར། ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བ་རེད། ཚེས་8ཉིན་གྱི་ཕྱི་དྲོར། བོད་ལྗོངས་དང་ཧུའུ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་དང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཀྲུང་ལིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་དང་ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཀྲང་ཝུན་པིང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་གསུངས་དོན། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་ལྟེ་བའི་ཁུལ་དང་དབུས་རྒྱུད་དར་རྒྱས་ཡོང་བའི་འཐབ་ཇུས་ཀྱི་ཀ་རྟེན་གལ་ཆེན་ཡིན་པའི་ཧུའུ་པེས་ཉེ་བའི་ལོ་ཤས་རིང་ཧུའུ་པེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་དང་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་གསར་པ་འགྲོ་བཞིན་ཡོད། ང་ཚོས་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་སྤོབས་པ་དང་དགའ་སྤྲོ་ཅིག་ཅར་དུ་སྐྱེ་གི་འདུག ང་ཚོས་ཧུའུ་པེའི“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་འགན་སེམས་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བའི་ཐབས་ཤེས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་གཏོང་བའི་ཉམས་མྱོང་དང་བློ་གྲོས། དངོས་སྒྲུབ་ཡར་བརྩོན་དང་སྒྱུར་བཅོས་གསར་གཏོད་ཀྱི་བསམ་པའི་གཤིས་རྒྱུད་བཅས་ལ་སློབ་སྦྱོང་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད། ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་སུ་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། “དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་ལས་འགན་ཨང་དང་པོར་བརྩིས་ཏེ། ཆོས་ལུགས་ལས་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་བརྟན་ལྷིང་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པར་ཤུགས་རྒྱག་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྙིང་རུས་རྒྱུན་འཁྱོངས་ཀྱིས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་དགོས། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བོད་ཀྱི་དོན་དངོས་དང་མཐུན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཁས་མཛངས་ལྡན་ཞིང་ཡང་དག་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་། ཧུའུ་པེ་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད་པ་བཅས་ར་འཕྲོད་གང་ལེགས་ཐུབ་ཡོད། བོད་དང་ཧུའུ་པེའི་དབར་མཛའ་གྲོགས་ཟབ་ཅིང་བློ་སེམས་མཐུན་པ་དང་སྤུན་གྲོགས་ལྟ་བུའི་མཛའ་འབྲེལ་ཆགས་ཡོད། ཧུའུ་པེ་དང་བོད་དབར་ལོ་རྒྱུས་ཡུན་རིང་ལྡན་པ་དང་གཟི་བརྗིད་ལྡན་པའི་མཉམ་ལས་ཀྱི་སྲོལ་རྒྱུན་ཡང་ཡོད། དུས་ཡུན་རིང་པོའི་ནང་ཧུའུ་པེས་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས། ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་བྱས་ནས། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པར་འགྱུར་དགོས། སློབ་གསོ་དང་སྨན་བཅོས་སོགས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་མཚོ་བོད་ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཝང་ཀྲུང་ལིན་གྱིས་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཧུའུ་པེའི་མི་དམངས་ཁྲི་6100ཡི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧུའུ་པེའི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་ཧུའུ་པེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཝང་ཀྲུང་ལིན་གྱིས་བསྟན་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཧོ་པེ་དང་བོད་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད་པས། ང་ཚོས་གནད་དོན་ལ་མཉམ་དུ་ལན་འདེབས་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་དགོས། ཧུའུ་པེས་བློ་བརྟན་འགྱུར་མེད་ངང་ཁ་གཏད་བོད་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་ཁུར་ནས་ཀྲུང་དབྱང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། བོད་ཀྱི་དགོས་མཁོར་དམ་པོར་དམིགས་པ། ནུས་ཤུགས་གང་ཡོད་བཏོན་ཏེ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལེགས་པར་བསྒྲུབས་ནས། སློབ་གསོ་བོད་སྐྱོར་དང་། སྨན་བཅོས་བོད་སྐྱོར། རིག་སྟོབས་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་བྱེད་ཟབ་ཏུ་བཏང་སྟེ་རོགས་སྐྱོར་བྱ་ཡུལ་མི་དམངས་མང་ཚོགས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། མཉམ་ལས་ཀྱི་བར་མཐོངས་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་གཏོང་བར་སླར་ཡང་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྣམ་གྲངས་དང་གཙོ་གནད་ཐོན་ལས་ཀྱི་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཕྱོགས་གཉིས་སྒོ་དབྱེའི་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་བཏང་སྟེ། ཧུའུ་པེ་དང་བོད་ཀྱི་མཉམ་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་སླར་ཡང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཧུའུ་པེ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཧུའུ་པེའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབྲས་བུ་གཡུར་དུ་ཟ་བ་ཐོབ་ངེས་རེད་ལ། གངས་ལྗོངས་ས་མཐོས་མི་ཡུལ་གྱི་ངོ་མཚར་གསར་པ་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    བོད་དུ་བཞུགས་རིང་ཧུའུ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ད་དུང་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གྲོང་གསེབ་དར་རྒྱས། དགོན་སྡེའི་རིག་དངོས་སྲུང་སྐྱོང་། དེ་བཞིན“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་དང་ཐོན་ལས་བོད་སྐྱོར་རྣམ་གྲངས་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་ནས་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།