དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    ཚེས་8ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་སྲིད་དོན་དཔྱད་གླེང་པར་གཞིའི《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་གི་ལེའུ》ཡི་སྤྱི་ཁྱབ་འཁྲབ་ཁྲིད་པས་གསར་རྩོམ་གྱི་བརྒྱུད་རིམ་དང་མྱོང་བ་མཉམ་སྤྱོད་བྱས་པ་དང་ཅང་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    དབང་ཧའེ་ཀྲོའུ་ཡིས་གསུངས་དོན། སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་བསྒྱུར་གང་ཐུབ་བྱེད་དགོས། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བྱས་ནས་བོད་ཀྱི་སྒྱུར་བཅོས་དང་། འཛུགས་སྐྲུན། འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེའི་ཁྲོད་ནས་དཔྱད་གཞི་གསར་པ་སྔོག་འདོན་བྱེད་པ་དང་། ལྟ་བ་གསར་པ་འདེམས་པ། རིགས་པའི་གཞུང་ལུགས་གསར་པ་འཛུགས་པ་བཅས་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་། བསམ་བློའི་གཏིང་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། ལག་ལེན་གྱི་ཁྱབ་རྒྱ་བཅས་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དང་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་བཏོན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་ལུགས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱེད་པ་དང་། ལོ་ངོ་60རིང་བོད་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ནས་གསོན་ཉམས་དོད་པའི་དོན་དངོས་ལ་བརྟེན་ཏེ་དུས་རབས་གསར་པ་དང་བོད་ལྗོངས་གསར་པའི་གཏམ་རྒྱུད་ཡག་པོ་བརྗོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།