2025ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བ་ཐེངས་དང་པོའི་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚོཌ་ར་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོཌ་པ།
ཚེས་8ཉིན་གྱི་སྔ་དྲོར། 2025ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བ་ཐེངས་པོའི་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་དངོས་སུ་འགོ་ཚུགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཞུགས་ནས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
བྱེད་སྒོ་འགོ་ཚུགས་མ་ཐག་ངོ་མཚར་ཆེ་བའི་དཔེ་འགྲེའི་འཕྲུལ་ཁྱི་དང་། མི་གཟུགས་འཕྲུལ་མི། མི་མེད་གནམ་གྲུའི་དཔུང་རུའི་འཕུར་སྐྱོད་འཁྲབ་སྟོན་བཅས་ཀྱིས་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག་སྟེ་དགའ་བསུ་ཡང་ཡང་ཐོབ་ཡོད། མཛད་སྒོའི་ཐོག་ལུའོ་མེ་དང་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ཚན་རིག་ཁྱབ་གདལ་བྱ་སྤྱོད་འཆར་གཞིའི་སྔོན་ཐོན་མཉམ་སྡེབ་དང་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པའི་སྔོན་ཐོན་མཉམ་སྡེབ་དང་དེ་བཞིན་བྱ་དགའ་ཐོབ་མཁན་ཚོགས་པར་བྱ་དགའ་སྤྲད་ནས། རྒྱ་ཆེའི་ཚན་རིག་ཁྱབ་གདལ་ལས་དོན་པ་དང་གཞོན་ནུ་ལོ་ཆུང་ཚོས་ཚན་རིག་ལག་ལེན་དང་གསར་གཏོད་བྱེད་སྒོར་མུ་མཐུད་ཞུགས་པར་ལྕག་སྐུལ་གནང་བ་རེད། བྱེད་སྒོ་སྤེལ་རིང་ལུའོ་མེ་དང་ཚོགས་ཞུགས་འགོ་ཁྲིད་ཀྱིས་ས་གནས་ས་ཐོག་ཏུ་སྤེལ་བའི“ཚན་རིག་ཁྱབ་གདལ་གྱི་ཚོང་འདུས་ཆེ་མོར”སྐོར་ཞིབ་གནང་ནས་ཚོགས་ཞུགས་ཚན་པ་དང་སྤྱི་དམངས་དབར་མཛའ་བརྩེའི་སྤེལ་རེས་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།