དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྒར་རྫོང་བདེ་མཆོག་གྲོང་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་གྲོང་རྡལ་བདེ་མཆོག་གྲོང་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་གནས་པ་དང་གྲོང་གསེབ་དར་རྒྱས་དང་མཐའ་སྲུང་མཐའ་བརྟན་ནང་ཞུགས་པའི་བདེ་མཆོག་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ངེས་པར་དུ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོར་བརྡ་ལན་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་ལས། ང་ཚོའི་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་བྱུང”ཞེས་བདེ་མཆོག་གྲོང་ཚོའི་ཡུལ་མི་དབང་གྲགས་ཀྱིས་བཤད། ཁོང་གིས། “ལོ་དེ་དག་རིང་། གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད། སྔོན་ཆད་ཁང་པ་གོག་ཧྲུལ་ནང་སྡོད་པ་དང་། ད་ཆ་ཡུལ་མི་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། གློག་དང་། དྲ་རྒྱ། ཆུ་བཅས་ཤར་གཏོང་ཐུབ་ནས་འཚོ་བ་ཧ་ཅང་སྟབས་བདེ་རུ་ཕྱིན་པ་དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་བྱུང་བ་ཞིག་རེད”ཅེས་བརྗོད།

    མཐའ་སྲུང་མཐའ་བརྟན་ནི་བདེ་མཆོག་གྲོང་ཚོའི་ཡུལ་མི་ཚོའི་སེམས་གཏིང་གི་འགན་འཁྲི་དང་ཐེག་པ་ཁུར་ལེན་ཞིག་རེད། ལོ་བཅུ་ཕྲག་ཁ་ཤས་རིང་། བདེ་མཆོག་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ“ཕྱུགས་འཚོ་བ་ནི་སྐོར་གཡེང་བྱེད་པ་ཞིག་དང་མི་ཚང་མ་ནི་སོ་དམག་ཡིན་པའི”སྙིང་སྟོབས་དར་སྤེལ་བཏང་ནས་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོར་སྲུང་བཞིན་ཡོད། “མཐའ་སྲུང་མཐའ་བརྟན་ནི་ང་ཚོའི་བླ་ན་མེད་པའི་འགན་འཁྲི་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་། ལོ་མང་རིང་། རང་ཉིད་ལ་མཐའ་མཚམས་ཀྱི་གངས་རི་རེ་རེ་དང་ཆུ་བོ་རེ་རེར་རྒྱུས་མངའ་ཆེན་པོ་ཡོད་པས། མེས་རྒྱལ་ལ་དགོས་མཁོ་ཡོད་ན་ངས་མུ་མཐུད་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་མཐའ་མཚམས་སྲུང་སྐྱོང་བ་ཚེ་རིང་འགྱུར་མེད་ཀྱིས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག བདེ་མཆོག་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཀྱང་ཇེ་མཐོར་ཕྱིན་པས་ཡུལ་མི་རྣམས་ལ་མཐའ་སྲུང་མཐའ་བརྟན་བྱེད་པ་དང་ཆབས་ཅིག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད། ད་ཆ། བདེ་མཆོག་གྲོང་ཚོ་ནི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”དང“ལྗོངས་ཡོངས་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས”ཤིག་ལ་གྱུར་ཡོད།

    གོམ་སྟབས་རྗེས་མར། བདེ་མཆོག་གྲོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ནས། གྲོང་གསེབ་དར་རྒྱས་ཀྱི་བགྲོད་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པ་དང་། མཐའ་སྲུང་མཐའ་བརྟན་གྱི་ལས་གནས་ཐོག་འགན་འཁྲི་བརྟན་སྲུང་བྱས་ཏེ་བདེ་མཆོག་གྲོང་ཚོ་དེ་བས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཐའ་མཚམས་གྲོང་ཚོ་གསར་པ་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུ་རེད

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།