དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་གནང་བ། ལིའུ་ཅང་རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-06

    རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་ཚོགས་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་རིག་དང་བཅའ་ཁྲིམས་ཁོངས་གཏོགས་ཀྱི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པས། རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཞི་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་རིག་ལྷན་ཚོགས། རྒྱ་ཆེའི་ཁྲིམས་རིག་དང་བཅའ་ཁྲིམས་ལས་དོན་པ་བཅས་ཀྱིས་ད་ཐེངས་ཀྱི་སྐབས་བརྗེའི་ལས་དོན་གོ་སྐབས་གསར་པར་བརྩིས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁྲིམས་ལྟར་བོད་སྐྱོང་རྒྱུ་མཐའ་འཁྱོངས། ཆུ་ཚད་མཐོ་པོས་ཁྲིམས་རིག་ཞིབ་འཇུག་དང་། ཁྲིམས་སྐྱོང་དྲིལ་བསྒྲགས། ཁྲིམས་སྐྱོང་ཞབས་ཞུ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཁྲིམས་བཞིན་ལས་དོན་སྒྲུབ་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་ལ་བསྟུན་པ། ཁྲིམས་བཞིན་འགལ་ཟླ་བསལ་བ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ་དང་། ཁྲིམས་རིག་ལྷན་ཚོགས་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཁྲིམས་རིག་ལྷན་ཚོགས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་རིག་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དང་སྒྲིག་ཡིག་གཞིར་བཟུང་ལས་དོན་ཁག་སྤེལ་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས།

    ཚེས་4ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་རྒྱལ་ཡོངས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་སྤྲིངས་པའི་འཕྲིན་ཡིག་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་སྦྲགས། ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་བྱས་པ་རེད། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱིས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ནས་རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ད་དུང་རྒྱང་ལམ་གསར་པའི་ཁྲིམས་རིག་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ལ་ཡང་རེ་བ་དང་བླང་བྱ་བཏོན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོཌ་འདུར་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་རིག་ལྷན་ཚོཌ་ཀྱིས་ཏང་གི་ཕྱོཌ་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས“གཏན་འཁེལ་གཉིས” ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ལ་སྟངས་འཛིན་ནན་པོ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཡག་པོ་སྲུང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་ཟོལ་མེད་ཀྱིས་བཀུར་མཁན་དང་། རང་རྟོགས་ཀྱིས་བརྩི་མཁན། བློ་རྩ་བརྟན་པོས་སྲུང་མཁན་བཅས་ཧུར་ཐག་བྱེད་དགོས། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་དང་། བརྒྱུད་རིམ་ལྡན་པ། ཆ་ཚང་བ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ཞིབ་འཇུག འགྲེལ་བཤད་བཅས་བྱས་ཏེ་ཁྲིམས་སྐྱོང་གི་གདེང་ཚོད་བརྟན་དུ་གཏོང་བ་དང་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ལག་ལེན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཞུཌ་པ་དང་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུཌ་པ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ། ཁྲིམས་རིག་ལྷན་ཚོགས་ཀྱི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པར་ལེཌ་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཚོགས་ཆེན་ལ་རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོཌ་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གསུམ་པའི་ལས་དོན་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཞི་པ་དང་འགོ་ཁྲིད་སྒྲིག་གཞི་ཡང་བདམས་ཐོན་བྱུང་ཞིང་། ལིའུ་ཅང་རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།