དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ལྷ་རྩེ་རྫོང་བསམ་གྲུབ་གྲོང་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-05

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བསམ་གྲུབ་གྲོང་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། གེགས་རྗེས་བསྐྱར་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོར་འབད་བརྩོན་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་བབ་ཕྱག་གཟིགས་དང་། དགོངས་པ་གཏིང་ཟབ། བརྩེ་བས་ཕྱུག་པ་བཅས་ཡོད་པས། ངེས་པར་དུ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་དང་དར་རྒྱས་གོང་འཕེལ་གཏོང་བའི་བྱེད་ཐབས་ཞིབ་ཕྲར་བསྒྱུར་ཏེ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོར་བརྡ་ལན་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    ས་མཐོའི་སྟོན་འགོར་གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བཞིན་ཡོད་མོད། བསམ་གྲུབ་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱ་ཡུལ་དུ་མི་རྣམས་སྔར་བཞིན་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་བཞིན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་དང་ང་ཚོ་གེགས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་གནང་སྟེ། དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་ལུགས་ཆེད་མངགས་གསུངས་གནང་བ་ལས་ང་ཚོར་དྲོ་སྐྱིད་ཧ་ཅང་ཆེན་པོ་ཚོར་བྱུང་ལ། ཕྲག་ཐོག་གི་འགན་འཁྲི་ཡང་ལྕི་པོ་ཡིན་པ་གཏིང་ཟབ་ཚོར་བྱུང”ཞེས་བསམ་གྲུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཕུན་ཚོགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་པ་དང་། ཁོང་གིས། “སྤྱི་ཁྱབ་ཧྲུའུ་ཅིའི་ཁས་ལེན་ཐོབ་པ་དེ་ནི་དཀའ་སྤྱད་འབད་བརྩོན་གྱིས་བསྐྱར་སྐྲུན་ནང་ཞུགས་མཁན་ང་ཚོ་ཚང་མར་གནང་བའི་གཟེངས་བསྟོད་ཆེ་ཤོས་ཤིག་དང་། ཁོང་གི་མངགས་བཅོལ་ནི་ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་གྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན”ཞེས་བརྗོད།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་རུ་གཏོང་དགོས’ཞེས་གསུངས་ཡོད”ཅེས་བསམ་གྲུབ་གྲོང་ཚོའི་ཡུལ་མི་ཆོས་འཕེལ་གྱིས་བརྗོད་པ་དང་། ཁོང་གིས། “བསྐྱར་སྐྲུན་བྱེད་རིང་ཁང་པ་ཉིན་རེ་བཞིན་བསྐྲུན་པ་དང་ལམ་ཉིན་རེ་བཞིན་བཟོས་པ་ང་ཚོས་མཐོང་བ་མ་ཟད། ང་ཚོར་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཚད་མེད་གནང་ལུགས་ཀྱང་སྔར་བས་ཚོར་བྱུང་། བསྐྱར་སྐྲུན་བྱས་རྗེས་ཀྱི་ཁྱིམ་གཞིས་དེ་བས་སྲ་བརྟན་དང་མཛེས་སྡུག་ལྡན་ངེས་ཡིན་པ་མ་ཟད། ང་ཚོའི་འཚོ་བའང་དེ་བས་ཡག་ཏུ་འགྲོ་བར་ཡིད་ཆེས་ཡོད”ཅེས་བརྗོད།

    གེགས་རྗེས་བསྐྱར་སྐྲུན་ནི་མཐའ་མའི་དམིགས་ཡུལ་མིན་པར་འཚོ་བ་གསར་པའི་འགོ་འཛུགས་ས་རེད། བསམ་གྲུབ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལིའུ་པའོ་ཡན་གྱིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས’དང‘གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས’ཞེས་བླང་བྱ་བཏོན་གནང་ཞིང་། དེས་ང་ཚོའི་གེགས་རྗེས་བསྐྱར་སྐྲུན་དང་རྒྱུན་གཏན་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སྔར་གྱི་རྣམ་པ་སླར་གསོ་ཙམ་ལ་ཡིད་ཚིམས་ནས་མ་བསྡད་པར་དེ་བས་ཕུགས་ལ་དམིགས་ནས། བསྐྱར་སྐྲུན་དེ་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ལ་ཐོན་འཕར་འབབ་འཕར་ཡོང་རོགས་བྱེད་ཀྱི་ཡིན”ཞེས་བཤད།

    ཤེས་རྟོཌ་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། བསམ་གྲུབ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། ས་མཐོའི་ཁྱད་ལྡན་སྦྲང་གསོའི་རྣམ་གྲངས་བདེ་བླག་ངང་ནང་འདྲེན་བྱས་ཤིང་། སྦྲང་རྩིའི་ཐོན་རྫས་ཁག་དང་པོ་བཙོངས་པའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་ནས། ཡུལ་མིར་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།