བློ་མཐུན་ལི་ཀོང་ཝུན་སྐུ་གཤེགས་པ།
ཚའེ་ཆི་དང་།ཧྲི་ཐའེ་ཧྥུང་།ཧུའུ་ཅིན་ཐའོ།བློ་བཟང་རྒྱལ་མཚན།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཝང་ཀྲའོ་གོབྱམས་པ་ཕུན་ཚོགས།པད་མ་འཕྲིན་ལས་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ལི་ཀོང་ཝུན་སྐུ་གཤེཌ་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་བ།
ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་སོགས་ཀྱིས་བློ་ མཐུན་ལི་ཀོང་ཝུན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་འཚམས་ འདྲི་གནང་བ།
ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་མཐུན་ལི་ཀོང་ཝུན་སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2025ལོའི་ཟླ་8ཚེས་31ཉིན་གྱི་ཆུ་ཚོད་4དང་སྐར་མ་04ལ་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་84ཡིན་པ་རེད།
ཚའེ་ཆི་དང་། ཧྲི་ཐའེ་ཧྥུང་། ཧུའུ་ཅིན་ཐའོ། བློ་བཟང་རྒྱལ་མཚན། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝང་ཀྲའོ་གོ བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས་སོགས་ཀྱིས་བློ་མཐུན་ལི་ཀོང་ཝུན་སྐུ་གཤེཌ་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་བློ་མཐུན་ལི་ཀོང་ཝུན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་བ་རེད།
ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་སོགས་ཀྱིས་བློ་མཐུན་ལི་ཀོང་ཝུན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་ཡོད། ཡོན་ཧུང་ཀང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་། རྒྱལ་མཚན་ནོར་བུ། ལེགས་མཆོག པ་སངས་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་བློ་མཐུན། ཞིང་ཆེན་རིམ་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཀྱིས་རྣམ་པ་འདྲ་མིན་ལ་བརྟེན་ནས་མྱ་ངན་ཞུས་པ་དང་འཚམས་འདྲི་གནང་བ་རེད།
2025ལོའི་ཟླ་9ཚེས་2ཉིན་བློ་མཐུན་ལི་ཀོང་ཝུན་གྱི་སྐུ་ཕུང་པེ་ཅིང་གི་པ་པའོ་ཧྲན་སྤྱི་པའི་བང་སོར་ཞུགས་འབུལ་བྱས་པ་རེད།
ལི་ཀོང་ཝུན། 1941ལོའི་ཟླ་3པར་འཁྲུངས། སི་ཁྲོན་ཞའོ་ཅིན་བ། 1956ལོའི་ཟླ་7པར་ལས་ཀར་ཞུགས། 1960ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་ཞའོ་ཅིན་རྫོང་སྤྱི་བདེ་ཅུས་དང་། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ། བྲག་གཡབ་རྫོང་། སྟེང་ཆེན་རྫོང་། ལྷོ་རོང་རྫོང་། རི་བོ་ཆེ་རྫོང་། ནག་ཆུ་ས་ཨུད། ཆབ་མདོ་ས་ཨུད། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བཅས་སུ་ཕྱག་ལས་གནང་མྱོང་བ་མ་ཟད། བོད་རང་སྐྱོང་ལྗོངས་བྲག་གཡབ་རྫོང་དབྱེན་འདུམ་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། བྲག་གཡབ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྷོ་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི། ཆབ་མདོ་ས་ཨུད་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་མྱོང་བ་དང་། 1986ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས། 1992ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པ་དང་། 1993ལོའི་ཟླ་11པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས། 1998ལོའི་ཟླ་5པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས། 2003ལོའི་ཟླ་བ་དང་པོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་སྔ་རྗེས་སུ་བཞེས་པ་དང་། 2008 ལོའི་ཟླ་4པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒན་ཡོལ་ཞུས་པ་རེད།
བློ་མཐུན་ལི་ཀོང་ཝུན་ལ་གུང་ཁྲན་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་ལྡན་པ་དང་། ཏང་དང་། མི་དམངས། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བཅས་ལ་ལྷག་བསམ་རྣམ་དག་གནང་ཡོད། ཁོང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལ་སློབ་སྦྱོང་གཏིང་ཟབ་གནང་སྟེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་གནང་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་གནང་བ་དང་། ཁོང་ལ་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཧ་ཅང་ཆེན་པོ་ལྡན་པས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གནང་ཐུབ་པ། ཁོང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བསྲུངས་ནས་བློ་གཅིག་སེམས་གཅིག་གིས་དམངས་ཆེད་བདེ་རྩ་དོན་གཉེར་གནང་བ་དང་། རང་འགན་གཙང་སྒྲུབ་གནང་བ། སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་དང་སེམས་ནུས་ཡོད་རྒུ་འདོན་གནང་བ་བཅས་བྱས་ནས་བློ་གཅིག་སེམས་གཅིག་གིས་ལས་དོན་བསྒྲུབས་པ། ཁོང་གིས་ཐོག་མཐའ་བར་གསུམ་དུ་སྙིང་སྟོབས་ཆེར་སྐྱེད་མཐའ་འཁྱོངས་གནང་ནས་འགག་སྒྲོལ་དཀའ་སེལ་གནང་ཕོད་པ་དང་། ལྷག་པར་དུ་འགག་རྩའི་དུས་སུ་འགན་འཁྲི་འཁུར་ཕོད་པ་དང་གདོང་མཆོང་གནང་སྟེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་གིས་ཏང་གཤིས་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། ཏང་གི་སྒྲིག་ཁྲིམས་ནན་པོར་སྲུང་བ། ཏང་གི་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་དང་དར་སྤེལ་བཏང་བ། ཁེངས་སྐྱུང་གཟབ་ནན་དང་། གཞན་ལ་དྲང་པོ་དྲང་གཞག གཞུང་དྲང་ཚུལ་མཐུན། རང་གཅུན་ནན་པོ་བཅས་གནང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྤྱི་ཞབས་པའི་གཟུགས་བརྙན་མཐའ་འཁྱོངས་གནང་ཡོད།
བློ་མཐུན་ལི་ཀོང་ཝུན་གྱི་སྐུ་ཚེ་ཧྲིལ་པོ་ནི་འབད་འཐབ་གནང་བའི་སྐུ་ཚེ་ཧྲིལ་པོ་ཡིན་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ་ཡང་རེད། ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཆེད་སྐུ་ཚེ་ཧྲིལ་པོར་ནུས་ཤུགས་བཏོན་ཡོད། ཁོང་སྐུ་གཤེགས་པ་དེས་ང་ཚོར་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་མེད་པར་གྱུར་པ་རེད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས། ཏང་དང་མི་དམངས་ལ་བློ་དཀར་བའི་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་དུ་བྱུང་བའི་གཤིས་སྤྱོད་ལ་སློབ་སྦྱོང་དང་། ཁོང་གི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་འགན་འཁུར་ཕོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་། ཁོང་གི་དཀའ་སྤྱད་བབ་ཆགས་དང་གྲོན་ཆུང་བསྲི་ཚགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ལ་སློབ་སྦྱོང་བཅས་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
བློ་མཐུན་ལི་ཀོང་ཝུན་ནམ་ཡང་ང་ཚོའི་སེམས་དབུས་སུ་གནས་ཡོད།
འབྲེལ་ཡོད་གསར་འགྱུར།