དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཞིང་འབྲོག་པ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།

    ལོ་སྟོད་དུ་ངལ་ནུས་འབབ་འཕར་སྒོར་དུང་ཕྱུར་5.1བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-29

    ཉེ་ཆར་གསར་འགོད་པས་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་པོ་དང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ལྟེ་བར་བྱས་ཏེ་ལས་གནས་རྒྱ་སྐྱེད་དང་། རྩལ་ནུས་མཐོར་གཏོང་། སྲིད་ཇུས་དོན་འཁྱོལ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད། ནག་ཆུ་གྲོང་ཁྱེར་གྱིས“ལྗོངས་ནང་ཁུལ་དུ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ལྗོངས་ཕྱིར་རྒྱ་སྐྱེད་གཏོང་བའི”སྐུལ་སྤེལ་བྱ་ཐབས་སྤྱད་དེ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་དང་། ཁྱད་ལྡན་ཐོན་ལས། དེ་བཞིན་ལྗོངས་ཕྱིའི་ངལ་ནུས་ཁྲོམ་རའི་ཐོན་ཁུངས་བཅས་ལ་བརྟེན་ནས་གྲོང་ཁྱེར་དང་། རྫོང་། གྲོང་ཚོ་བཅས་རིམ་གསུམ་ལས་གནས་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ཡོད། ལོ་སྟོད་དུ་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན། ཞིང་འབྲོག་པ་ཁྲི་4.5ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ངལ་ནུས་འབབ་འཕར་སྒོར་དུང་ཕྱུར་5.1བྱུང་ནས། ལས་ཞུགས་ཀྱི་གཞི་ཁྱོན་དང་འབབ་འཕར་གྱི་ཕན་འབྲས་གཉིས་ཀ་དུས་མཉམ་དུ་མཐོ་རུ་ཕྱིན་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས“ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པ”དང“མངགས་ཐོ་གཏན་འཁེལ”སོགས་གསོ་སྦྱོང་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཁྱིམ་ལས་ཞབས་ཞུ་དང་། ཨར་སྐྲུན་ཨར་རྒྱག མི་རིགས་ལག་ཤེས་བཟོ་རྩལ་སོགས་གོ་ཆོད་རྩལ་ནུས་གསོ་སྦྱོང་བྱས་པར། “གསོ་སྦྱོང་ནང་དོན་དང་ལས་གནས་ཀྱི་དགོས་མཁོ། གསོ་སྦྱོང་བྱེད་སྟངས་དང་མང་ཚོགས་ཀྱི་ཁྱད་ཆོས”གནད་སྨིན་སྦྲེལ་མཐུད་ཐུབ་ནས། རིམ་རྩིས་བརྒྱབ་ན། ཞིང་འབྲོག་པ་2719ལ་རྩལ་ནུས་གསོ་སྦྱོང་བྱས་པས་ཞིང་འབྲོག་པའི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་དང་མཉམ་འབྲེལ་གྱིས“སྒོ་འགྲམ་དུ་ལས་དོན་སྒྲུབ་པ་དང་དུས་ཐོག་ཏུ་ལས་དོན་སྒྲུབ་པའི”བྱེད་སྒོ་སྤེལ་ཞིང་། ད་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན། ཞིང་འབྲོག་པ་ས་ཁོངས་བསྒྲལ་ནས་ལས་ཞུགས་བྱེད་པར་ལམ་གྲོན་སྒོར་ཁྲི་21.45སྤྲད་པ་དང་ཁ་གསབ་རེ་ཞུའི་ལས་དོན་སྒོ་རྩར་སྒྲུབ་པས་མང་ཚོགས་ཀྱི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།