དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་པས་ལྗོངས་ཏང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོཌ་ཆུང་གཞུང་ལས་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-29

    ཚེས་26ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་ལྗོངས་ཏང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། བོད་ཀྱི་2024ལོ་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་ལ་རྒྱལ་ཁབ་ནས་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོའི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། གོམ་སྟབས་རྗེས་མའི་དག་ཐེར་ལས་དོན་བཀོད་སྒྲིག་བྱས་པ་རེད།

    བསྟན་པས་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་སྐྲུན་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་འཁུར་བ་དང་། མ་ལག་རང་བཞིན་དང་ཁུངས་འདེད་རང་བཞིན་གྱི་གྲལ་བཤེར་བཅོས་སྒྲིག་བྱས་ནས་སྦགས་བཙོག་འགོག་བཅོས་ལས་དོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་དག་ཐེར་ལེགས་གཏོང་དང་། དཀའ་གནད་ལ་དམིགས་ཏེ་ལས་རིགས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། གནད་འགག་གི་རྒྱུ་རྐྱེན་ནན་ཏན་གྱིས་འཚོལ་བ། གནད་དོན་གྱི་གསལ་ཐོ་བཟོ་བ་དང་འབྲེལ་རེ་རེ་བཞིན་དག་ཐེར་བཅས་བྱས་ནས་འབྲེལ་ཡོད་དམིགས་ཚད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་བྱེད་དགོས། ལས་དོན་གྱི་ཞན་ཆ་སེལ་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་མི་འདང་བ་གང་མགྱོགས་གསབ་པ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཁོར་ཡུག་བཅོས་སྐྱོང་དེང་རབས་ཅན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།