དབང་ཧའེ་ཀྲོའུ་ཡིས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ཡག་པོ་སྒྲུབ་པ་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ། གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བླང་བྱ་བཏོན་གནང་བ་དང་འབྲེལ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་གསུངས་དོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བར་དམ་པོར་དམིགས་ནས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྗོད་དོན་གཙོ་བོའི་གནས་ཚུལ་གལ་ཆེན་འགོད་སྤེལ་བྱེད་པ། ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཡར་རྒྱས་དང་། གྲུབ་འབྲས། དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་གང་ལེགས་མངོན་པར་བྱས་ཏེ། བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་ཟབ་མོ་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།