རེན་ཝེ་ཡིས་ཟླ་བ་དང་པོ་ནས་བདུན་པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེས་ཟླ་བ་དང་པོ་ནས་བདུན་པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས། དཀའ་ངལ་དང་གནད་དོན་ཞིབ་འཇུག་ཐག་གཅོད་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་དང་། ཚེ་རིང་ཕུན་ཚོགས། ཀྲང་ལི། ཀྲའོ་ཕེང་བཅས་ཚོགས་འདུར་ཞུགས་པ་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། གཙོ་གནད་ལ་དམིགས་ནས་བོད་ཀྱི་དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་ཕུགས་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མ་དངུལ་འཇོག་པའི་གྲུ་རྡོའི་ནུས་པ་གང་ལེགས་བཏོན་ནས། གཙོ་གནད་ཐོག་རྣམ་གྲངས་ཀྱི་ལས་འགོ་འཛུགས་པའི་འགག་སྒོ་ཡག་པོ་སྲུང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ་ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་དགོས། འཛད་སྤྱོད་ཞབས་ཞུའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ། གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བཅས་བྱས་ཏེ། སྲིད་ཇུས་ཀྱི་དྲོད་ཚད་དེ་གཉེར་སྐྱོང་བྱེད་པོའི“ལུས་ཚོར་དྲོད་ཚད”དུ་ཏན་ཏིག་སྒྱུར་དགོས། གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། “གཉིས་བསྡུ་དང་གཉིས་འདྲེན”བྱེད་ཤུགས་ཆེ་རུ་གཏོང་བ། རང་ཡུལ་སྐྱེད་སྲིང་དང་ལྗོངས་ཕྱིའི་ནང་འདྲེན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྟེན་ཆེ་རུ་དང་། ལེགས་སུ། སྟོབས་ཆེ་བཅས་སུ་གཏོང་དགོས། དཔལ་འབྱོར་འཁོར་རྒྱུག་ལ་དབྱེ་ཞིབ་བཀོད་གཏོང་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཁོར་རྒྱུག་ལ་དབྱེ་ཞིབ་བཀོད་གཏོང་དང་སྟོན་གྲངས་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་འཁོར་རྒྱུག་གྲངས་གཞི་དོན་དངོས་དང་སྐྱོན་བྲལ་བརྟན་པོ་ཡོང་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།