ཝང་ཅུན་ཀྲེང་གིས་ཉིང་ཁྲིར་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་བརྟག་ཞིབ་དང་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ།
ཟླ་8ཚེས་11ཉིན་དང་ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་བརྟག་ཞིབ་དང་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་སྣེ་ལེན་ཁང་དུ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ཀྱི་རེ་ཞུ་ནན་ཏན་གསན་པ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་གནང་བཞིན་པ།
ཟླ་8ཚེས་11ཉིན་དང་ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་བརྟག་ཞིབ་དང་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་ཤིང་། འདི་ནི་ཡིག་འབུལ་ཞུ་བཅར་དང་ལེན་གནང་རྗེས་ཝང་ཅུན་ཀྲེང་གིས་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་བམ་གྲོང་ཀོ་ཤ་དཀར་པོའི་རྟེན་གཞིར་ནགས་གསེབ་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། ལས་ཀ་བྱེད་སྟངས་ལ་དོ་སྣང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས།
ཟླ་8ཚེས་11ཉིན་དང་ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་བརྟག་ཞིབ་དང་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་གནང་བ་རེད་། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། ལས་ཀ་བྱེད་སྟངས་ལ་དོ་སྣང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུས་སུ་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་དང་། འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་ཁྲུའུ། ཡིག་འབུལ་ཞུ་བཅར་གནད་དོན་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་རེད། ཝང་ཅུན་ཀྲེང་གིས་སྣེ་ལེན་ཁང་དུ་ཞུ་བཅར་དུ་ཡོང་བའི་མང་ཚོགས་ཁག་གཉིས་ལ་སྣེ་ལེན་ཞུས་ཏེ། ཁོང་ཚོའི་རེ་ཞུ་ནན་ཏན་གསན་པ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས། ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་ཐུབ་པར་སྐུལ་འདེད་བཏང་བ་རེད། ཁོང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་མིན་པས། འབྲེལ་ཡོད་སྡེ་ཚན་གྱིས་མང་ཚོགས་ཀྱི་སེམས་གཏམ་ཉན་པ་དང་། མང་ཚོགས་ཀྱི་དཀའ་ངལ་ལ་སེམས་ཁུར་བྱེད་པ། འགན་འཁྲི་སྔར་བས་ནན་པོ་དཀྲི་བ། འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས། ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ཀྱི་རེ་ཞུ་ཚང་མར་འགན་ནན་ཏན་འཁུར་ཏེ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ནས། ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་བྱེད་རིང་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ། ལས་ཀ་བྱེད་སྟངས་ལ་དོ་སྣང་བྱེད་པ། མང་ཚོགས་ཀྱི་རེ་ཞུ་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་བགྲོད་ལམ་ཤར་གཏོང་དང་ཚད་ལྡན་དུ་གཏོང་བ། གནད་དོན་ཐག་གཅོད་དང་། རོགས་སྐྱོར་དང་རོགས་སྐྱོབ། བསམ་བློའི་སློབ་གསོ་སོགས་ཀྱི་ལས་དོན་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། བཅའ་ཁྲིམས་དང་སྲིད་ཇུས་ལྟར་མང་ཚོགས་ཀྱི་ལུགས་དང་མཐུན་ཞིང་ཁྲིམས་དང་མཐུན་པའི་རེ་ཞུ་ཐག་གཅོད་ཡག་པོ་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། 《ཡིག་འབུལ་ཞུ་བཅར་གྱི་ལས་དོན་སྲོལ་ཡིག》ལག་ལེན་ནན་པོ་བསྟར་བ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་ཐབས་ལམ་ཐོག་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་བཅས་བྱས་ཏེ། སྔོན་འགོག་དང་། བདག་སྤྲོད། སྒྲུབ་གཉེར། ལྟ་སྐུལ་དང་འགན་འཁྲི་བདའ་འདེད། སྒྲིག་ལམ་སྲུང་སྐྱོང་བཅས་ཀྱི“ཁྲིམས་སྐྱོང་ཅན་ལྔར”སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། འགན་དབང་ཁ་གསལ་པོ་དང་། གཞི་གྲངས་ཁ་གསལ་པོ། ཁྲིམས་ལྟར་སྒྲུབ་པ། སྒྲིག་ལམ་ལེགས་པོ། མང་ཚོགས་བློ་ཡིད་ཚིམ་པོ་བཅས་ཡོང་བར་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྒྱང་ལྟའི་རང་བཞིན་དང་། མ་ལག་རང་བཞིན། དམིགས་སའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྔོན་འགོག་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་བཅས་དང་། འབྱུང་རྩ་ནས་བཅོས་སྒྲིག་དང་། གྲལ་བཤེར་འདུམ་འགྲིག མཉམ་དུ་གྲོས་བསྡུར་བཅས་ཀྱི་ལྷུ་ཚིགས་གསུམ་ལ་དམ་འཛིན་ཤུགས་ཆེན་བྱེད་པ། དབྱེ་ཞིབ་བརྡར་གཅོད་དང་། འགོག་ཟོན་ཚོད་འཛིན། འགལ་བ་འདུམ་འགྲིག་བཅས་ཀྱི་འཇོན་ཐང་གསུམ་ཆེ་རུ་ཧུར་ཐག་གཏོང་བ། སྟོབས་ཤུགས་སྣ་མང་མཐུན་སྦྱོར་དང་། རིགས་དབྱེ་སེལ་གཅོད། འགན་འཁྲི་ལྡོག་བཤེར་བཅས་ཀྱི་ལམ་སྲོལ་གསུམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་ཐུབ་པ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མངའ་ཁོངས་དོ་དམ། རིམ་དབྱེ་འགན་འཁུར། སུས་གཙོ་གཉེར་བྱས་ན་དེས་འགན་འཁུར་བ་བཅས་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་སྒྲིག་འཛུགས་དོན་འཁྱོལ། ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུས་མཐུན་སྦྱོར། ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་སྐུལ་འདེད། ཕྱོགས་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱེད་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྣམ་པ་གཏོད་དགོས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་བཟོས་ནས། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཐོག་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་གཏོད་དགོས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་མཐུན་རྐྱེན་སྦྱོར་གང་ཐུབ་བྱས་ནས། ལས་བྱེད་པར་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་ལས་དོན་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་དང་ནུས་ཤུགས་དེ་བས་མང་པོ་ཡོང་བར་བྱེད་དགོས།
ཡིག་འབུལ་ཞུ་བཅར་དང་ལེན་གནང་རྗེས། ཝང་ཅུན་ཀྲེང་གིས་ད་དུང་སྨན་གླིང་གྲོང་ཁྱེར་གྱི་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་རང་སྤུས་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་པ་དང་ཞིང་འབྲོག་ལས་དང་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ལེགས་ལྡན་ཐོན་ཁུངས་བེད་སྤྱོད་དང་། སྲིད་ཇུས་ཀྱི་རོགས་སྐྱོར་སྣེ་ཁྲིད། ཚན་རྩལ་གསར་གཏོད་སྐུལ་ཁྲིད་བཅས་ལ་མཐོང་ཆེན་བྱས་ཐོག གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་ཚན་ཐོན་ལས་རྣམ་གྲངས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བསོད་ནམས་ཉི་མ་དང་ཀུང་ཧུའེ་ཚའེ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།