རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔྱད་དཔོག་ཕྱོགས་སྡོམ་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།
ཚེས་13ཉིན། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔྱད་དཔོག་ཕྱོགས་སྡོམ་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་འགོའི་ལས་དོན་ལ་ཕྱོགས་སྡོམ། གནད་དོན་དང་མི་འདང་སར་དབྱེ་ཞིབ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོའི་འགོ་ཡག་པོ་འཛུགས་པ་དང་མཇུག་ལེགས་པོ་བསྡུ་བ་དང་དེ་བཞིན་བྱེད་མཁས་ལ་རྗེས་ཐོན་པའི་འགན་ལེན་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་དགོས། ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར་དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་སློབ་སྦྱོང་གྲོས་བསྡུར་དང་། དག་ཐེར་བཅོས་སྒྲིག ཕྱོགས་སྡོམ་དཔྱད་དཔོག སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ལེགས་པར་བྱས་ཏེ་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།