དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-15

    ཚེས་12ཉིན། “སྤྱོད་ལྡན་ཁྲིམས་སྲུང་གིས་བཟའ་བཅའི་བདེ་འཇགས་ཀྱི་བྱ་སྤྱོད་ནང་མཉམ་དུ་ཞུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕུང་ཚོགས་ར་གཙོ་བོར་ཕེབས་པ་རེད།

    ཚོགས་ར་གཙོ་བོར་ཀྲའོ་ཕུང་གིས། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་སོགས་ཚན་པ་ཁག་67གྱི་དྲིལ་བསྒྲགས་ས་ཚིགས་སུ་སྔ་རྗེས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བཟའ་བཅའི་བདེ་འཇགས་ལས་དོན་སྤེལ་ཚུལ་དང་། ཐོན་རྫས་ཞིབ་སྤེལ། ཁེ་ལས་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་ནས། ཚན་པ་ཁག་དང་ཁེ་ལས་ཁག་ལ་བཟའ་བཅའི་བདེ་འཇགས་ལས་དོན་སེམས་ལ་འཇོག་པ་དང་། དམ་འཛིན་ནན་པོ། ལས་དོན་ཁྲོད་དོན་འཁྱོལ་བཅས་བྱས་ཏེ། མང་ཚོགས་ཀྱིས་བློ་བདེ་པོས་བཟའ་བཅའ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།