ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ།
ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་2025ལོའི(རྒྱ་ཆེ) ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བར་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱེད་པ་དང་། རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པར་གོ་བ་གཏིང་ཟབ་ལེན་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། མཐའ་སྟོབས་ལས་དོན་ལ་དམིགས་ནས་འབད་བརྩོན་ལྷོད་མེད་ཀྱིས་ཁྲིམས་འཛུགས་ལ་བརྟེན་ནས་མཐའ་སྟོབས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དོན་དངོས་ལ་གཞིགས་ནས་ཁྲིམས་འཛུགས་ཀྱི་མཁོ་སྤྲོད་ཆེ་རུ་གཏོང་བ། ཁྲིམས་འཛུགས་དང་ཁྲིམས་ལུགས་ཁྱབ་གདལ་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ། “ཁྲིམས་བཞིན་སྐྱོང་བ་དང་། ཚུལ་བཞིན་སྐྱོང་བ། རང་སྐྱོང”བཅས་ཀྱི་བཅོས་སྐྱོང་གསུམ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས“མི་ཚང་མ་མཐའ་མཚམས་བརྟན་ལྷིང་ནང་ཞུགས་པ་དང་། མི་ཚང་མས་དུས་བདེ་མཉམ་སྤྱོད་བྱེད་པའི”གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱེད་དགོས། ལྟ་སྐུལ་ལ་བརྟེན་ནས་མཐའ་སྟོབས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དམིགས་ནས། ཆེད་དོན་སྙན་ཞུར་ཉན་འཇོག་གྲོས་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ཆེད་དོན་བརྟག་ཞིབ། ས་ཆ་དངོས་སུ་བཅར་འདྲི། མྱུར་ཚད་རྗེས་སྙེག་སོགས་ཀྱི་བྱ་ཐབས་མཉམ་དུ་སྤྱད་དེ་མཐའ་སྟོབས་སྲིད་ཇུས་ནུས་ལྡན་དང་ཕན་ནུས་ལྡན་པའི་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་སྡེ་ཚན་གྱིས་མཐའ་མཚམས་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འཐུས་མིས་མཐའ་སྟོབས་ཀྱི“མཇུག་སྣེ”སྐུལ་སློང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི“དམངས་དོན་གྱི་ལེ་ཏའི”བྱེད་ནུས་འདོན་པར་ཁྲིད་སྟོན་དང་། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཐབས་ལམ་དྲིལ་བསྒྲགས་དང་གསལ་འགྲེལ། ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་བཅས་བྱས་ཏེ། མཐའ་མཚམས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། “ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བར་དམིགས་ཏེ། “གཙོ་གནད་གཉིས་དང་འཆར་གཞི་གསུམ”གྱི་ལས་འགན་ལ་དམ་པོར་དམིགས་ནས། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། སྒྲིག་ཁྲིམས་ལ་སྣང་ཆེན། ལེགས་སྐྱེས་ལ་སྣང་ཆེན་བཅས་བྱས་ནས། སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཕྱོགས་སྡོམ་ཚོད་སྐོར་ལས་དོན་མགྱོགས་མྱུར་སྤེལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ཡོང་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།