དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-14

    ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྲིད་གཞུང་ཁོངས་གཏོགས་ཀྱི་2025ལོའི་ལོ་འཁོར་གྱི་གྲོས་འགོ་དང་གྲོས་གཞི་ཐག་གཅོད་དང་། “ལོ་ལྔ་ཚན་བཅོ་ལྔ་པ”ཡི་འཆར་འགོད་བཟོ་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་། ནོར་སྲིད་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འཐུས་མི་དང་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་ཐག་གཅོད་བྱེད་པ་དེ་མང་ཚོགས་དང་འབྲེལ་གཏུག་དང་། ལྟ་སྐུལ་དང་ལེན། ལས་དོན་སྒྲུབ་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ལྡན་པའི་དོ་དམ་དང་། དོ་དམ་གནད་སྨིན། ཕན་འབྲས་ལྡན་པའི་དོ་དམ་བཅས་ལ་མཐོང་ཆེན་དང་། ཐག་གཅོད་བརྒྱུད་རིམ་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པ་དང་། ལས་དོན་སྒྲུབ་པར་དངོས་ཐོག་བདེན་འཚོལ་གྱིས་ཐག་གཅོད་བྱས་འབྲས་ལ་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱས་ཏེ། འཐུས་མི་དང་ཨུ་ཡོན་གྱི“ཇུས་བཟང”དག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གསེར་གྱི་ལྡེ་མིག”ལྟ་བུར་སྒྱུར་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ཡག་པོ་སྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཞིབ་འཇུག་གཏིང་ཟབ་དང་ཇུས་འགོད་ཞིབ་ཚགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། འཕེལ་རྒྱས་གཏོང་རིང་འཕྲད་པའི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། འགག་རྩའི་རང་བཞིན་བཅས་ཀྱི་གནད་དོན་གསལ་པོ་བཟོས་ཏེ། དུས་མཚམས་རང་བཞིན་དང་ཞིབ་ཕྲ་ཅན་གྱི་ལས་ཀའི་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”དགོས་མཁོ་ཆེ་ཤོས་དང་ཞན་ཆ་མངོན་གསལ་དོད་ཤོས་ཀྱི་ལས་འགན་ལ་དམིགས་ཏེ། མི་སེམས་ལ་སྐུལ་མ་ཐེབས་ལ་ལག་ལེན་དོན་ཐོག་ཏུ་དུ་འཁྱོལ་ཐུབ་པའི་དམིགས་ཚད་བཏོན་ཏེ། བསམ་ཕྱོགས་འཐུས་སྒོ་ཚང་བ་དང་། བྱེད་ཐབས་ཁ་གསལ་བ། ལག་ལེན་མཐར་ཕྱིན་པ་བཅས་ཀྱི་གདུབ་ཟུམ་ཞིག་ཆགས་པར་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རིག་གནས་ཡུལ་སྐོར་ཐོན་ལས་ནི་རང་ལྗོངས་ཀྱི་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་རེད། ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ནི་རང་ལྗོངས་ཀྱིས་ཁྱབ་ཁོངས་རྐྱང་པར་དམིགས་ནས་ཁེར་རྐྱང་དུ་བཏོན་པའི་མ་ལག་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ནོར་སྲིད་སྲིད་ཇུས་དང་བྱེད་ཐབས་ཐོག་མ་དེ་རེད། དོན་འཁྱོལ་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས། ལག་བསྟར་ཞིབ་སྲོལ་གང་མགྱོགས་འདོན་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། དོ་ཁུར་བྱེད་ཚད་མཐོ་ཤོས་དང་ཁེ་ལས་དང་ཡུལ་སྐོར་བ་རྣམས་ལ་དགོས་མཁོ་ཆེ་ཤོས་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་སྔོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཕན་ནུས་གང་མགྱོགས་ཐོན་པར་སྐུལ་འདེད་གཏོང་དགོས། སྡེ་ཚན་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་ལག་བསྟར་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ། སྲིད་ཇུས་བཟང་པོའི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་ཏན་ཏིག་སྒྱུར་དགོས།

    ཚོགས་འདུའི་ཐོག་བསྟན་དོན། མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཡིན་པས། འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་གི་དུས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད། དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཚུགས་གནས་དང་། དེ་བས་ཆེ་བའི་འགན་འཁྲི་འཁུར་སེམས། དེ་བས་ཏན་ཏིག་གི་ལས་ཀའི་བྱེད་ཐབས་བཅས་ལ་བརྟེན་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།