དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེར་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    ཚེས་10ཉིན་གྱི་སྔ་དྲོར། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི། སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་བཅས་ཡིན་པའི་ཟླ་བ་ཚེ་རིང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ལྕགས་རྭ་བློ་བཟང་བསྟན་འཛིན་ཞུགས་པ་མ་ཟད། བྱ་དགའ་ཐོབ་མཁན་རྐང་འཁོར་རུ་ཁག་དང་བདམས་ཐོན་པར་བྱ་དགའ་ཡང་གནང་བ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་མཇུག་འགྲིལ་འགྲན་བསྡུར་གྱི་འགྲན་དུམ་བཞི་པ་ཡིན་པའི་གཞིས་རྩེའི་འགྲན་དུམ་གྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད། ལུས་རྩལ་པ་མཐའ་མ་དེ་འཕྱོར་བ་དང་ཆབས་ཅིག 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་འགྲན་བསྡུར་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད།

    ཉིན་ལྔའི་འགྲན་བསྡུར་རིང་རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་རྐང་འཁོར་རུ་ཁག་17གྱི་ལུས་རྩལ་པ་100ལྷག་ཙམ་བོད་དུ་མཉམ་འཛོམས་བྱས་ཏེ་འགྲན་བསྡུར་འཁྲུག་པོ་བྱས་ནས་དཔའ་བོའི་ཉམས་འགྱུར་མངོན་པར་བྱས་ཤིང་། སྔ་རྗེས་སུ་ཉིང་ཁྲི་དང་། ལྷོ་ཁ། ལྷ་ས། གཞིས་རྩེ་བཅས་ཀྱི་འགྲན་དུམ་4ལེགས་གྲུབ་ཟིན་པ་དང་། བར་ཐག་ཧྲིལ་པོར་སྤྱི་ལེ་420.58ཡོད་པའི་འགྲན་བསྡུར་འདིས་ལྗོངས་ཕྱི་ནང་གི་ལྟད་མོ་བ་ཚོར་གསོན་ཤུགས་དང་སྤྲོ་སེམས་ཀྱིས་ཁེངས་པའི་ལུས་རྩལ་རྩལ་འགྲན་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།