རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད།
གྲུབ་འབྲས་ལ་ཕྱིར་དྲན་བྱེད་སྐབས་མི་རྣམས་ཀྱི་སེམས་ལ་སྐུལ་མ་ཐེབས། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཡིད་ཆེས་ལྡབ་བརྒྱ་འཕེལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱང་ལམ་གསར་པར་སྐྱོད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་ཀྱི་ཡིན་ཞེས་བཤད།
ཚང་འཛོམས་གྲོས་ཚོགས་ཐོག་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་ཐོབ་པ་ཞིག་རེད་ཅེས་བསྟན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། གཏིང་སྐྱེས་རྫོང་ཆབ་ཤང་རྒྱ་སྟོད་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་ལི་ཧའོ་ཧྥུང་གིས་མྱོང་ཚོར་ཟབ་མོས“དིང་རིར་ས་ཡོམ་བརྒྱབ་རྗེས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་བྱས་ཡོད”ཅེས་བཤད། མིག་སྔར་གེགས་རྗེས་བསྐྱར་བསྐྲུན་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱ་ཆེད། ལི་ཧའོ་ཧྥུང་དང་། གྲོང་ཚོའི་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་མི་བཅས་ཀྱིས་ཉིན་ལྟར་ལས་ཡུལ་དུ་བསྐྱོད་དེ་བདེ་འཇགས་དང་མྱུར་ཚད་ལ་ལྟ་སྐུལ་བྱེད་ཀྱི་ཡོད། ལི་ཧའོ་ཧྥུང་གིས“ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ནས། མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱེད་ཀྱི་ཡིན”ཞེས་བཤད།
ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ཆེད་མངགས“མཐའ་སྟོབས”ལས་དོན་ཐད་བཀོད་སྒྲིག་བྱས་པ་མ་ཟད། མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་བསྐྲུན་རྒྱུའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ཀྱང་ཁ་གསལ་བཏོན་པས། ཧྲའན་ཤིས་ཞིང་ཆེན་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་འཛུགས་སྐྲུན་མཐུན་སྦྱོར་ལྟེ་གནས་ཀྱི་མཐོ་རིམ་བཟོ་སྐྲུན་པ་མ་ཤིང་ཤིང་གིས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུའི་ཡིད་ཆེས་ཆེ་རུ་ཕྱིན། མངའ་རིས་ས་ཁུལ་གྱིས་དམའ་དབྱིངས་དཔལ་འབྱོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། དམངས་སྤྱོད་དང་ཀུན་སྤྱོད་གནམ་ཐང་འཆར་འགོད་དང་འཛུགས་སྐྲུན་ལག་ལེན་བྱེད་མཁན་ཞིག་ཡིན་པའི་མ་ཤིང་ཤིང་གིས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པ་ཚོར་ཞིང་། ཁོང་གིས“ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཁོངས་མི་ཞིག་ཡིན་པའི་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ‘ལོ་ལྔ་ཚན་བཅུ་བཞི་པའི’མཇུག་བསྡུའི་ལས་དོན་དང‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོ་བསྒྲུབས་ནས། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་གྱི་ཡིན”ཞེས་བཤད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཐབ་འགོད་ཇུས་འདོན་གྱི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་རྗེས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་རིང་དོན་གྲུབ་ཀྱིས། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་ལས་དོན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བྱེད་པ་དང་། བདེ་འཇགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། མཁའ་ལམ་དྲ་རྒྱ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ‘ལོ་ལྔ་ཚན་བཅུ་བཞི་པའི’མཇུག་ཡག་པོ་བསྡུ་བ་དང་ཚད་གཞི་མཐོ་པོས‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་སྒྲིག་བཟོ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་དམངས་སྤྱོད་མཁའ་འགྲུལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་ལས་རེ་བ་གསར་པ་མངོན། ལྷ་ས་མཐོ་གསར་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་མི་ཤུགས་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཐན་ཀྲེན་ལིན་གྱིས“ཚང་འཛོམས་གྲོས་ཚོགས་ཐོག་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། 2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ཟླ་7པར་བདེ་བླག་ངང་གཉེར་ཡོད། ང་ཚོས་དེ་གོ་སྐབས་སུ་བྱས་ཏེ་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ཚ་རླབས་དང་བསྟུན་ནས་དུས་རབས་གསར་པའི་ས་མཐོའི་གྲངས་རིག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།