དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-11

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ནང་དང་། སྐྱིད་གྲོང་། དིང་རི། གཏིང་སྐྱེས་སོགས་མཐའ་མཚམས་རྫོང་དུ་ཕེབས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། ཐོན་ལས་འཕེལ་རྒྱས། འགག་སྒོ་འཁོར་སྐྱོད་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་། རེན་ཝེ་ཡིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གཙོ་གནད་ས་ཁོངས་དང་། ཐོན་ལས་རྟེན་གཞི། འགག་སྒོ་དང་འཐབ་ས་དང་པོ་སོགས་སུ་ཕེབས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཁོར་སྐྱོད་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན། འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་བཅས་ཀྱི་ད་ལྟའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འགག་སྒོ་འཁོར་སྐྱོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་སྐོར་བཀའ་འདྲི་གནང་བ། ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་སྟེ། མཐའ་ཚད་ཀྱི་བསམ་གཞིག་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་དང་། འཁྱགས་མཚོའི་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བ། འགོག་བཅོས་བཅས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ལས་ཀའི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་པ། གནོད་འཚེ་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཕྱོགས་བསྡུས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།