དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-05

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། “ལོ་ལྔ་ཚན་བཅུ་བཞི་པ”དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྣམ་གྲངས་འབྲེལ་མཐུད་སོགས་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས། “ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་ལེགས་སྒྲུབ་བྱས་ཚུལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་ཚན་རིག་དང་མཐུན་པའི་ངང་ཚོད་སྐོར་བྱེད་པ་དང་། སྡེ་ཚན་དབར་གྱི་མཐུན་སྦྱོར་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་འཆར་འགོད་ཡག་པོ་བྱེད་པ། 2026ལོའི་རྣམ་གྲངས་འཆར་གཞི་དངོས་ཐོག་བདེན་འཚོལ་གྱིས་བཟོ་འགོད་བཅས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་རྒྱུན་མཐུད་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས་པ་དང་། རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་དང་དགོས་ངེས་རང་བཞིན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གཏིང་ཟབ་་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱིས་སྒྲུབ་པ། རྣམ་གྲངས་ཀྱི་དུས་འགོའི་འགྲོ་གྲོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གྲངས་ཚང་འགན་ལེན་བྱེད་པ། རྣམ་གྲངས་གྲ་སྒྲིག་ཡག་པོ་བཅས་བྱས་ནས་མ་དངུལ་དམིགས་སར་འབྱོར་རྗེས་དུས་ཐོག་ཏུ་ལས་འགོ་ཚུགས་ཐུབ་པར་བྱེད་དགོས། སྲིད་ཇུས་ཀྱི་འདོད་བློ་དང་མ་དངུལ་གྱི་རྒྱབ་སྐྱོར་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། ཀྲུང་དབྱང་གི་ནོར་སྲིད་མ་དངུལ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་ལོར། ཁེ་ལས་ཀྱི་མ་འཇོག་སོགས་མ་དངུལ་བཀོད་སྒྲིག་ལུགས་མཐུན་དང་སྤྱི་འདོམས་ཡག་པོ་བྱས་ནས། རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་འདང་ངེས་ཀྱི་རྒྱབ་སྐྱོར་དང་ཆུ་ཚོད་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།