དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-04

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བ་དང་། “འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི”འདུ་ཤེས་བརྟན་པོར་འཛུགས་པ། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་རྒྱུན་མཐུད་ལན་རྒྱག་པ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡུལ་ནད་འགོག་བཅོས་ནི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། དམངས་འཚོའི་འདུ་འགོད་དང་དམངས་སེམས་གྱི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ། ཀརྨ་ཚེ་བརྟན་གྱིས་གཙོ་གནད་ཚོད་ལྟ་ཁང་དུ་ཕེབས་ཏེ། སྨན་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་ནས། ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་དང་འགོ་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ནད་ཡམས་འགོག་བཅོས་ལ་དམ་པོར་དམིགས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་ཀ་མང་ཙམ་སྒྲུབ་པ་དང་ཞན་ཆ་བསལ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་སུ་སྨན་བཅོས་འགན་སྲུང་ཐེབས་རྩའི་འཁོར་སྐྱོད་སོགས་ཀྱི་ལས་དོན་ངོ་སྤྲོད་ནན་ཏན་ངང་གསན་ཞིང་། ས་ཡུལ་དངོས་སུ་སྨན་བཅོས་འགན་སྲུང་གི་གྲངས་གཞིའི་ཉེར་སྤྱོད་འདྲ་བཟོས་ལྗོངས་རྣམ་སོགས་ལ་གཟིགས་པ་དང་། ཁོང་གིས། དམངས་ཀྱི་རེ་ལྟོས་ནི་སྲིད་ཀྱི་སྐྱོང་ཕྱོགས་ཡིན། སྨན་བཅོས་འགན་སྲུང་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ་མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་རྩ་དང་ཡང་འབྲེལ་བ་ཆེན་པོ་ཡོད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཅོས་ཞབས་ཞུ་མཁོ་སྤྲོད་ལེགས་སུ་གཏོང་བ། མང་ཚོགས་ཚོས་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་བ་བཅས་བྱས་ནས། ནད་ཀྱིས་རྐྱེན་པས་དབུལ་ལོག་དང་དབུལ་པོ་མ་ཆགས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས་ཞེས་གསུངས་པ་རེད།

    འཕྲོད་བསྟེན་བདེ་ཐང་ནི་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་མྱོང་ཚོར་ཟབ་ཤོས་སྦྱིན་ཐུབ་པའི་ལས་དོན་གྱི་གྲས་ཤིག་ཡིན། ཀརྨ་ཚེ་བརྟན་གྱིས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་ལས་དོན་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། སྨན་བཅོས་ཞབས་ཞུ་དང་། སྤྱི་པའི་འཕྲོད་བསྟེན། བོད་ཀྱི་གསོ་བ་རིག་པའི་བྱ་གཞག་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་གཏོང་བ། གཞི་རྩ་འགན་སྲུང་དང་། གཞི་རིམ་སྟོབས་ཆེར་གཏོང་བ། ལམ་སྲོལ་འཛུགས་སྐྱོང་བཅས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤུས་ལེགས་ཤོང་སྐྱེད་གཤམ་སྒྱུར་དང་ཆ་སྙོམས་བཀོད་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་ངང་མཇུག་སྒྲིལ་བ་དང“ལོ་ལྔ་ཚན་བཅོ་ལྔ་པར”ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཐོག རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་འཕེལ་རྒྱས་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།