ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།
ཉེ་ཆར། ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས། ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ལུས་པོ་ཚུགས་པ་དང་། སེམས་པ་འཇོག་པ། བརྩེ་སེམས་འཆང་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་གནད་དམ་པོར་བཟུང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་རམ་འདེགས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་དམ་པོར་བཟུང་སྟེ་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་རྒྱུར་རམ་འདེགས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་བྱ་གཞག་རླབས་པོ་ཆེ་དམ་པོར་བཟུང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་རམ་འདེགས་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དམ་པོར་བཟུང་སྟེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གསུམ་གྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་རྒྱུར་རམ་འདེགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དམ་པོར་བཟུང་སྟེ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་རམ་འདེགས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ཆབ་སྲིད་ཐོག་ནས་སྐུལ་ལྕག་དང་། ལས་ཀའི་ཐོག་ནས་རྒྱབ་སྐྱོར། ཐོབ་ཐང་ཐོག་ནས་འགན་སྲུང་། འཚོ་བའི་ཐོག་ནས་སེམས་ཁུར། སེམས་ཁམས་ཐོག་ནས་ལྟ་རྟོག་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ལུས་སེམས་བདེ་པོས་ལས་གཏོད་བྱེད་པར་ཆ་རྐྱེན་ཡག་པོ་བཏོད་ནས། དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།