བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་སྐབས་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་སྐབས་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་ཉིང་ཁྲིར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་བསྟན་པ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུར་ལིན་དབྱི་ཧྥུའུ་དང་། ཧྥན་ཞའོ་ཅན། ཀའོ་དབྱང་། ཝང་ཁྲེང་ཧྲན། ཝང་ཡན་ཀྲུང་སོགས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་14ཡིས་བོད་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་ལ་དམིགས་ནས་གཙོ་དོན་གཏམ་བཤད་སྤེལ་བ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་རིཌ་གཅིག་མཁས་ཅན་དང་མཁས་དབང་རྣམས་བོད་དུ་བརྟག་ཞིབ་ལ་ཕེབས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཁོང་གིས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་གི་ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འགོད་པར་བློས་འགེལ་ཆོག་པའི“ཇུས་འདོན་ཚོགས་པ”ཡིན། ཨུ་ཡོན་རྣམ་པས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། ཉམས་མྱོང་གི་ལེགས་ཆ་འདོན་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། རྒྱལ་ཁབ་ཀྱི་དགོས་མཁོ་དང་། འཛམ་གླིང་གི་འགྲན་རྩོད། བོད་ཀྱི་ལེགས་ཆ། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་འཕེལ་ཕྱོགས་བཅས་ལ་གཞིགས་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་པ། རྒྱང་ལྟའི་རང་བཞིན་དང་། གསར་གཏོད་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་ཀྱི་ཞིབ་འཇུག་ཟབ་ཏུ་གཏོང་བ། བསམ་གཞིག་དང་ཟབ་ཚད་ཡོད་པ་དང་བཀོལ་སྤྱོད་རུང་བའི་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་འདོན་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ལས་དོན་ལ་སྔར་བཞིན་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས། ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་དེ་བས་ཡག་པ་སྐྲུན་པ་དང་འགན་སྲུང་དེ་བས་ལེགས་པ་བྱེད་པ་དང་། ཨུ་ཡོན་རྣམ་པའི་ངལ་རྩོལ་གྲུབ་འབྲས་ལ་གཅེས་སྤྲས་ཀྱིས་དེ་དག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་དངོས་ལ་དུས་ཐོག་ཏུ་འགྱུར་བར་བྱས་ནས། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་རིན་ཐང་གི་ཐོབ་སྣང་དང་གྲུབ་འབྲས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་གྱི་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།