ཧོ་ཀྲུང་ཧྭ་ཡི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས།
(2025ལོའི་ཟླ་7ཚེས་24ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་22པའི་ཐོག་གྲོས་འཆམ་བྱུང་བ)
ཧོ་ཀྲུང་ཧྭ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་དབང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོས་འགོ་གཞིར་བཟུང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》དང《ཀྲུའུ་ཞིའི་ཚོགས་འདུས་སྒྲིག་འགལ་ཁྲིམས་འགལ་གྱི་སྲིད་གྲོས་ཨུ་ཡོན་ལ་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་དབང་སྤྲོད་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལྟར། ཧོ་ཀྲུང་ཧྭ་ཡི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོས་ནས། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་རྗེས་བྱུང་ཁས་ལེན་བྱ་རྒྱུར་འབུལ་རྒྱུ།
འབྲེལ་ཡོད་གསར་འགྱུར།