རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་སུ་བརྟག་ཞིབ་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་གྲངས་གཞི་བཀོལ་སྤྱོད་ལས་དོན་ཐད་བཞུགས་མོལ་ཡང་གནང་བ་རེད།
རེན་ཝེ་ཡིས་ས་གནས་ས་ཐོག་ཏུ་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དང་སྲིད་དོན་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་པ་དང་། དམངས་ཕན་ཞབས་ཞུ་དང་། ཡིད་རྟོན་མ་ལག གྲོང་ཁྱེར་དོ་དམ། དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་སོགས་ཀྱི་བཀོལ་སྤྱོད་བྱེད་སྟངས་ལ་མཁྱེན་རྟོགས་གནང་བ་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་དང་གནས་པའི་མི་འདང་ས་གོ་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཏེ། ཞན་ཆ་གང་མགྱོགས་བསལ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བདེ་བླག་ངང་ལེགས་གྲུབ་བྱེད་དགོས་པ་དང་། ལྷག་པར་དུ་གྲངས་གཞི་མཉམ་སྤྱོད་དང་དེས་མཐུན་རྐྱེན་སྦྱོར་བར་སྔར་བས་སྐུལ་འདེད་གཏོང་དགོས། སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དེ་ཡང་ཡང་བསྡུར་ཏེ། སྤྱི་ཡོངས་ཀྱི་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག ཐོག་མཐའ་བར་གསུམ་གྱི་རྩ་དོན་བཅས་ལ་གཞིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་འཆར་འགོད་ཡག་པོ་བྱེད་དགོས། གྲངས་འཛིན་ཅན་གྱི་བཀོལ་སྤྱོད་རྣམ་པ་རྒྱ་སྐྱེད་གཏོང་བ་དང་། གྲངས་གཞི་ཕྱོགས་སྡེབས་དང་། མཉམ་སྤྱོད། རིན་ཐང་སྔོག་འདོན་བཅས་ཡག་པོ་བྱས་ནས་གྲངས་འཛིན་བཅོས་སྐྱོང་གི་འགན་འཁྲི་དང་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞིའི་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱས་ཏེ། གྲངས་གཞིའི་ནུས་པ་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།
འབྲེལ་ཡོད་གསར་འགྱུར།