དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཀྲི་པུའུ་ཧྲུའུ་ཅིའི་དབྱར་དུས་ཀྱི་འཆད་སྟེགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-25

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཀྲི་པུའུ་ཧྲུའུ་ཅིའི་དབྱར་དུས་འཆད་སྟེགས་གཉེར་ཞིང་། གྱོད་དཔེར་བརྟེན་ནས་སྤྱོད་ཚུལ་གླེང་བ་དང་། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་གླེང་བ། གྱོད་དཔེར་བརྟེན་ནས་ཁྲིམས་ལུགས་གླེང་བ། གྱོད་དཔེར་བརྟེན་ནས་འགན་འཁྲི་གླེང་བ་བཅས་ལ་དམིགས་ཏེ། རྩ་འཛུགས་ལས་དོན་གྱི་ལས་བྱེད་པར་དཔེ་མཚོན་གྱོད་དཔེའི་ཁྲོད་རང་བཤེར་ཚུལ་མཐུན་དང་ཉེན་བརྡ་རྒྱུན་སྒྲོག་ཐུབ་པར་ཁྲིད་སྟོན་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། པུའུ་དོན་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མི་དང་། ཀྲི་པུའུ་ཁག་གི་ཧྲུའུ་ཅི། པུའུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་བཅས་ཀྱིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་པ་དང་། རྒྱུན་དུ“གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད”ཀྱི་མེ་ལོང་ལ་ལྟ་བ་དང་། རྒྱུན་དུ“གྱོད་དཔེར་བརྟེན་ནས་ཉེན་ཟོན”གྱི་མེ་ལོང་ལ་བལྟས་ནས“ཉེ་འཁོར་གྱི་དོན་དག”གིས“ཉེ་འཁོར་གྱི་མི”ལ་ཉེན་བརྡ་བཏང་སྟེ“སྔོན་འགོག་སྨན་ཁབ”ལ་དམིགས་སའི་རང་བཞིན་སྔར་བས་ལྡན་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཚམས་མེད་རྒྱུན་སྒྲུབ་དང་ཏང་གི་རང་ངོས་གསར་བརྗེ་མཚམས་མེད་རྒྱུན་སྒྲུབ་བློ་ལ་བརྟན་པོར་ངེས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་སུ་སྒྱུར་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།